མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་འདེམས་ཐོན་པས་རྒྱལ་སྤྱིའི་རྨ་ཆུ་མྱུར་སྒྲོལ་མཐར་ཟད་འགྲན་སློང་འགྲན་བསྡུར་གྱི་ཚོགས་ཆུང་ཚང་མའི་ཨང་དང་པོ་བླངས་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-06-18 10:55

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་15ཉིན་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་མྱུར་སྒྲོལ་མཐར་ཟད་འགྲན་སློང་འགྲན་བསྡུར་སྐབས་བཅུ་པ་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་དུ་མཇུག་འགྲིལ་ཞིང་།ཀྲུང་གོའི་འདེམས་ཐོན་པས་ཚོགས་ཆུང་ཚང་མའི་ཨང་དང་པོ་བླངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།འགྲན་བསྡུར་དེ་ནི་ས་བབ་མཐོ་བ་དང་།ཆུ་དྲོད་དམའ་བ།ཆུ་རྒྱུགས་ཤུགས་ཆེ་བ།གསོ་རླུང་མི་འདང་བ་བཅས་ཀྱི་འཛམ་གླིང་སྣེ་མོ་གསུམ་པར་གཉེར་བའི་རྒྱལ་སྤྱིའི་འགྲན་བསྡུར་ཆེན་པོ་ཞིག་ཡིན་པ་དང་སྐབས་དེའི་འགྲན་བསྡུར་ནང་འཇར་མན་དང་།དབྱིན་ཇི།ཨ་རི།ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་བཅུའི་ལུས་རྩལ་པ་248ཞུགས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག