མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་སྤུས་རྟགས་གྱོན་ཆས་ཁེ་ལས་ཀྱིས་གྱོན་ཆས་རྙིང་པ་ཚུར་བསྡུའི་བྱེད་སྒོ་དངོས་སུ་སྤེལ་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:55

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའུ་ཡིས་མཛུབ་ཁྲིད་དང་ཀྲུང་གོ་འཁལ་འཐག་བཟོ་ལས་མཉམ་འབྲེལ་ཚོགས་པ་དང་།ཀྲུང་གོ་སྣོད་བཅུད་ཤེས་དཔལ་ཞིབ་འཇུག་དང་སྐུལ་འདེད་ཚོགས་པས་གཙོ་གཉེར་བྱས་པའི“གྱོན་ཆས་རྙིང་པ་མི་བསྐྱུར་བ— ཀྲུང་གོའི་སྤུས་རྟགས་གྱོན་ཆས་ཁེ་ལས་ཀྱིས་གྱོན་ཆས་རྙིང་པ་ཚུར་བསྡུའི་བྱེད་སྒོ”དངོས་སུ་སྤེལ་འགོ་ཚུགས་ཤིང་།བྱེད་སྒོ་དེའི་དམིགས་ཡུལ་ནི“རྙིང་པ་ཕུལ།སྤྱོད་བཟང་སྤེལ”ཁྱིམ་གྱི་གྱོན་ཆས་རྙིང་པ་ཧུར་ཐག་ཕུལ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་པ་བྱེད་པ་དང་འབྲེལ་ནུས་རྒྱུ་བསྲི་ཚགས་དང་གཏོང་འབུད་ཉུང་དུ་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།ལོ་ལྟར་རང་རྒྱལ་གྱིས་ཐོན་སྐྱེད་དང་འཛད་སྤྱོད་ནང་ཐོན་པའི་འཁལ་འཐག་ཐོན་རྫས་བེད་མེད་དང་རྙིང་པ་ཏུན་ཁྲི་2000ཙམ་ཟིན་གྱི་ཡོད་པ་དང་འོན་ཏེ་ཡང་སྐྱར་སྤྱོད་ཚད་14%ཡང་ཟིན་གྱི་མེད།འཁལ་འཐག་ཐོན་རྫས་བེད་མེད་དང་རྙིང་པ་འབོར་ཆེན་ཞིག་ཁྱིམ་ཚང་ཁག་དང་ལྷག་པར་དུ་ཐ་ན་བཟོ་གྲྭའི་ཁེ་ལས་མང་པོ་ཞིག་གི་མཛོད་ཁང་ནང་ཡོད་པས་ཐོན་ཁུངས་འཕྲོ་བརླག་གི་སྣང་ཚུལ་ཞིག་ཆགས་ཡོད།

    དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཏའུ་ཡུས་ཕེས་མིག་སྔར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་མ་མཐའི་འཚོ་བའི་འགན་ལེན་གྱི་མང་ཚོགས་ཁྲི་7000ལྷག་ཙམ་དང་།དབང་པོ་སྐྱོན་ཅན་ཁྲི་8500ལྷག་ཙམ།འགན་ལེན་ལྔའི་བསྙེན་བཀུར་བྱེད་པའི་མང་ཚོགས་ཁྲི་500ལྷག་ཙམ་དང་།དཀའ་ངལ་གྱི་གནས་སུ་གྱར་བའི་བྱིས་པ་མང་པོ་ཞིག་དང་དེ་བཞིན་ཆ་སྙོམས་ལོ་ལྟར་གནོད་འཚེ་ཕོག་མཁན་མི་ཐེངས་དུང་ཕྱུར་གཉིས་ཙམ་བཅས་ཡོད།དཀའ་ངལ་ཡོད་པའི་མང་ཚོགས་མང་པོ་ཞིག་གི་ངོས་ནས་བརྗོད་ན།སྤུས་ཚད་ལེགས་པ་དང་གཙང་སྦྲ་དོད་ཅིང་ཉེན་མེད་ཀྱི་གྱོན་ཆས་བེད་མེད་དང་རྙིང་པས་ཁོང་ཚོའི་དངོས་ཡོད་ཀྱི་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་ཐུབ།

    རགས་རྩིས་བརྒྱབ་པར་གཞིགས་ན།རང་རྒྱལ་གྱིས་འཁལ་འཐག་ཐོན་རྫས་བེད་མེད་དང་རྙིང་པ་ཚང་མ་ཚུར་བསྡུ་དང་བེད་སྤྱོད་ཐུབ་ཚེ་ལོ་རེར་རྫས་འགྱུར་ཚི་སྣ་ཏུན་ཁྲི་1200དང་རང་བྱུང་ཚི་སྣ་ཏུན་ཁྲི་600མཁོ་འདོན་བྱེད་ཐུབ་པ་དེས་མ་བཅོས་རྡོ་སྣུམ་ཏུན་ཁྲི་2400ཙམ་གྲོན་ཆུང་ཐུབ་པ་དང་དེ་ཏ་ཆིང་སྣུམ་ཞིང་ཐོན་རྫས་ཀྱི་ཕྱེད་ཀ་ཙམ་ཟིན་པ་དང་།དབྱང་གཉིས་ཐཱན་འགྱུར་གཏོང་འབུད་ཏུན་ཁྲི་8000ཉུང་དུ་གཏོང་ཐུབ་པ།རྨོ་ཞིང་སྤྱོད་ཚད་མུའུ་ཁྲི་2000ཙམ་ཉུང་དུ་སྤྱོད་དགོས་པ་དེ་ལོ་ཧྲིལ་པོའི་སྲིང་བལ་འདེབས་ཁྱོན་གྱི་30%ཙམ་ཟིན་པ་མ་ཟད་ད་དུང་ཐོན་ཁུངས་དེ་འཛུགས་སྐྲུན་རྒྱུ་ཆ་དང་།ཆུ་བེད་གཞུང་ལམ།སྨན་བཅོས་འཕྲོད་བསྟེན།ཁྱིམ་ཆས་བཟོ་བ་སོགས་ཐོན་ལས་མང་པོའི་ནང་སྤྱོད་ཆོག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག