མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྨ་ཆུའི་འགྲམ་དུ་ཆུ་འབྲས་འདེབས་ལ་བྲེལ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:54

    ཉེ་ཆར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་མོང་ཅིན་རྫོང་ཧུའེ་མོང་གྲོང་རྡལ་གྱི་སྤུས་ལེགས་སོན་གསར་ཆུ་འབྲས་མུའུ་ཁྲི་1.53འདེབས་འཛུགས་བྱེད་འགོ་ཚུགས་པའི་མཐོ་རླབས་འཕྱུར་ཞིང་།རྫོང་དེས་རྨ་ཆུའི་འགྲམ་གྱི་ས་གཤིས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ཞིང་ཆུ་འདྲེན་འབུད་ཀྱི་ཡུར་བུར་བརྟེན་ནས་རྨ་ཆུ་ནས་ཆུ་དྲངས་ཏེ་ཞིང་ནང་དུ་གཏོང་བ་དང་།སོན་བཟང་གི་ཁ་གསབ་དང་།གནོད་འབུ་འགོག་བཅོས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་པར་སྤུས་ལེགས་ཆུ་འབྲས་ཀྱི་ས་བོན་ཁྱབ་གདལ་ཧུར་ཐག་བཏང་སྟབས་སྤུས་ལེགས་ཆུ་འབྲས་དེ་དག་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་གཏོད་རྒྱུའི་ཕྱུག་འགྱུར་ལམ་བུ་གསར་པ་ཞིག་ཏུ་གྱུར་ཞིང་།འདི་ནི་ཞིང་པས་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་མོང་ཅིན་རྫོང་གི་རྨ་ཆུའི་འགྲམ་གྱི་ཚད་གཞི་མཐོ་བའི་དཔེ་སྟོན་ཞིང་ཁ་མུའུ་ཁྲི་རུ་ཆུ་འབྲས་ཀྱི་ལྗང་པ་སྤོ་འཛུགས་བྱེད་རྩིས་ཡོད་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག