མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧོང་ཀང་འབྲི་ཆུའི་ཟམ་ཆེན་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:54

    ཟླ་6ཚེས་16ཉིན་གཞུང་ལམ་ལྕགས་ལམ་ཉིས་བརྩེགས་ཀྱི་ཧུའུ་པེའི་ཧོང་ཀང་འབྲི་ཆུའི་ཟམ་ཆེན་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དང་།ཤོད་རིམ་གྱི་མྱུར་བགྲོད་ལྕགས་ལམ་ཟླ་6ཚེས་18ཉིན་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་རྒྱུ་རེད།ཧོང་ཀང་འབྲི་ཆུའི་ཟམ་ཆེན་གྱི་ཟམ་པར་རིང་ཚད་ཀུང་ལི་4ཙམ་ཡིན་པ་དང་།སྟེང་ཤོད་རིམ་པ་གཉིས་ལྡན་གྱི་ཟམ་ངོས་ཇུས་འགོད་བྱས་ཡོད།ཤོད་རིམ་ནི་ལམ་ཐིག་གཉིས་ལྡན་གྱི་མྱུར་བགྲོད་ལྕགས་ལམ་དང་།སྟེང་རིམ་ནི་འཁོར་ལམ་བཞི་ལྡན་གྱི་མྱུར་བགྲོད་གཞུང་ལམ་ཡིན་ཞིང་།ཟམ་པ་གཙོ་བོར་སྨི་567བརྒལ་ཡོད་པ་དེ་ད་བར་འཛམ་གླིང་ཐོག་གི་གཞུང་ལམ་ལྕགས་ལམ་ཉིས་བརྩེགས་ཀྱི་ཟམ་པ་ཆེ་ཤོས་རེད།ཧོང་ཀང་འབྲི་ཆུའི་ཟམ་ཆེན་བསྐྲུན་རྗེས་ཏ་པེ་ཧྲན་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ཧུའུ་པེའི་ཧོང་ཀང་གྲོང་ཁྱེར་དང་ཝུའུ་ཧན་དབར་གཞུང་ལམ་དང་།ལྕགས་ལམ།འཁོར་ལམ་འགྲིམ་འགྲུལ་བཅས་ཁྱོན་ཡོངས་ནས་འབྲེལ་རྒྱུ་རེད།འདི་ནི་ཚེས་16ཉིན་པར་བླངས་པའི་ཞོགས་པར་སྨུག་པས་འཁྲིགས་པའི་ཧོང་ཀང་འབྲི་ཆུའི་ཟམ་ཆེན་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག