མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ལོན་ཏོན་ལ་ཕེབས་ཏེ་དབྱིན་ཇིར་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:59

李克强抵达伦敦对英国进行正式访问 1.jpg

  ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་གིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་དུས་ཚོད་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ལོན་ཏོན་ཞི་སི་ལོ་གནམ་གྲུ་ཐང་དུ་བསླེབས་ཏེ། དབྱིན་ཇིར་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས། པར་འདི་ནི་དབྱིན་ཇི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གཉིས་ལ་བསུ་བ་བྱེད་བཞིན་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་གིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་དུས་ཚོད་ཚེས16ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ལོན་ཏོན་ཞི་སི་ལོ་གནམ་གྲུ་ཐང་དུ་བསླེབས་ཏེ། དབྱིན་ཇིར་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གནམ་གྲུ་གཅིག་ཏུ་བསྡད་དེ་དབྱིན་ཇིར་ཐོན།

  ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པ་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔ་རྗེས་རྒྱུན་མཐུད་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་བསླེབས་ཡོད། ངས་དབྱིན་ཇིའི་མགོ་ཁྲིད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་བྱས་ནས། ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བར་ཇུས་གཞི་གསར་བ་འགོད་པ་དང་། སྟོབས་ཤུགས་གསར་བ་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མ་འོང་བའི་ལོ་བཅུའི་ནང་འཕེལ་རྒྱས་མགྱོགས་པོ་འབྱུང་དུ་འཇུག་པར་རེ་སྒུག་བྱས་ཡོད་ཟེར།

  དབྱིན་ཇི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་དང་དབྱིན་ཇིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་སོིགས་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་དང་ལྕམ་མོ་ཁྲིན་ཧུང་སོགས་ལ་བསུ་བ་བྱས།

  དབྱིན་ཇིར་འཚམས་འདྲི་བྱེད་སྐབས། ལིས་ཁི་ཆང་གིས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་རྒྱུ་དང་། དབུ་བཞུགས་བློན་ཆེན་ཁ་མེས་ལུང་དང་ཀྲུང་གོ་དང་དབྱིན་ཇིའི་ཙུང་ལིའི་བར་གྱི་ལོ་འདིའི་ཐུག་འཕྲད་གནང་རྒྱུར་མ་ཟད། ཀྲུང་གོ་དང་དབྱིན་ཇིའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྲོས་ཚོགས་དང་ཀྲུང་གོ་དང་དབྱིན་ཇིའི་དངུལ་ལོར་གླེང་སྟེགས་སོགས་བྱ་འགུལ་ཁྲོད་ཞུགས་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་སོགས་ལས་རིགས་སོ་སོའི་མི་སྣར་མཇལ་འཕྲད་གནང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག