མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་བྱེད་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་པེ་ཅིན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་བྱེད་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་བསྡུས་པ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཞེ་གཉིས་ནས་ཡོང་བའི་སྲིད་གཞུང་པུའུ་ཀྲང་དང་སྨྱན་བྱེད་ལས་ཁུངས་ཀྱི་འགན་ཁུར་བ། ཆེད་ལས་ལག་རྩལ་མི་སྣའི་འཐུས་མི་བཅས་ཀྱིས་ཀྲུང་གོ་སྲིད་གཞུང་དང་རྒྱང་སྒྲོག་བརྙན་འཕྲིན་སྨྱན་བྱེད། ཁེ་ལས་ཀྱི་འཐུས་མི་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་ཐད་ཀྱི་མཉམ་ལས་དང་རྒྱང་སྒྲོག་བརྙན་འཕྲིན་གྲངས་འཛིན་ཅན་སོགས་བརྗོད་དོན་ལ་དམིགས་ནས་ཆེད་དུ་ཞིབ་བསྡུར་དང་བརྗེ་རེས་བྱས། གླེང་སྟེགས་ཀྱི་སྐབས་སུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་ཆེ་བས་མཉམ་ལས་གྲོས་གཞི་བཅུ་དགུའི་སྟེང་མིང་བཀོད་པ་དང་། དེ་དག་ནི་སྲིད་གཞུང་ཕྱོགས་ཀྱི་མཉམ་ལས་དང་བརྙན་འཕྲིན་ལེ་ཚན་བརྒྱུད་གཏོང་། བརྙན་རིས་ཞབས་ཞུ། རྒྱང་སྒྲོག་བརྙན་འཕྲིན་གྲངས་འཛིན་ཅན་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག