མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཉེར་བཞི་བ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:58

张德江主持召开十二届全国人大常委会第二十四次委员长会议.jpg

  ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཉེར་བཞི་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཉེར་བཞི་བ་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བ་དེ་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་པེ་ཅིན་ནས་བསྡུ་རྒྱུ་ཐག་བཅད།

  ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

  ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བའི་སྟེང་དམག་དོན་སྒྲིག་ཆས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་མུ་མཐུད་དུ་གྲོས་ཞིབ་བྱེད་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་ཟས་རིགས་བདེ་འཇགས་བཅས་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ་སོགས་ཐད་ནས་གྲོས་གཞི་བཏོན།

  ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུར་གྲོས་གཞི་བཏོན་པའི་གྲོས་རིམ་ད་རུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2013ལོའི་ཀྲུང་དབྱང་སྔོན་རྩིས་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་དང་། 2013ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་འགོད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2013ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཡོང་སྒོ་དང་འགྲོ་སོང་སྐོར་གྱི་བརྩི་བཤེར་བྱ་བའི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་སོགས་ཡོད།

  ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞོར་དུ་དྲུང་ཡིག་ཆེན་མོིའི་འགན་ཁུར་མཁན་ཝང་ཁྲིན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བའི་གྲོས་རིམ་འཆར་ཟིན་དང་ཉིན་ཐོའི་བཀོད་སྒྲིག་བསམ་འཆར་ལ་ཡར་ཞུ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག