མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གྲི་འཕྲོག་མཁན་གཞོན་ནུས་ནད་ཁང་ནང་འཛམ་གླིང་བུམ་པའི་འགྲན་བསྡུར་བལྟས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-17 10:56

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་6ཚེས་15ཉིན་རིམ་བཞིན་དྲག་སྐྱེད་དུ་སོང་བའི“གྲི་འཕྲོག་མཁན་ལོ་ཆུང”ལིའུ་ཡན་པིན་དང་དབྱི་ཀྲེན་ཡུང་གིས་ནད་ཁང་དུ་ཐི་ཕེན་དང་ཧོ་ལན་དབར་གྱི་འཛམ་གླིང་བུམ་པའི་འགྲན་བསྡུར་བསྐྱར་གཏོང་བལྟས་པས་སྨན་ཁང་ནང་གི་འཚོ་བ་ཅུང་བག་ཕེབས་སུ་གྱུར་ཡོད་པ་རེད།ཟླ་5ཚེས་31ཉིན་ཅང་ཤིས་དབྱི་ཁྲུན་གྲོང་ཁུལ་ནས་ཅིན་རུའེ་གྲོང་རྡལ་དུ་སྐྱོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ནང་མི་ངན་ཞིག་གིས་མཐོ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པའི་སློབ་མ་ལིའུ་ཡན་པིན་དང་དབྱི་ཀྲེན་ཡུང་ཚུད་པའི་རླངས་འཁོར་ནང་གི་འགྲུལ་པ་ལྔར་རྨས་སྐྱོན་བཏང་ཞིང་།ཁོང་གཉིས་པོས་མི་ངན་དང་དམར་འཛིང་བྱས་པ་དང་ལིའུ་ཡན་པིན་གྱིས་རང་ཉིད་ཀྱི་རྨ་ཁར་མི་འཛེམས་པར་མི་ངན་གྱི་གྲི་འཕྲོགདོན་རྐྱེན་ཐོན་རྗེས་ཁོང་གཉིས་གཉིས་པོར་རྨས་སྐྱོན་ཕོག་པས་མཐོ་རྒྱུགས་ནང་ཞུགས་ཐུབ་མེད།ཁོང་གཉིས་ལ་དམངས་ཀྱིས“སློབ་མ་ཡག་ཤོས”ཞེས་བརྗོད་ཀྱི་ཡོད།མིག་སྔར་ལིའུ་ཡན་པིན་དང་དབྱི་ཀྲེན་ཡུང་གི་རྨས་སྐྱོན་དྲག་སྐྱེད་དུ་སོང་བ་དང་ལིའུ་ཡན་པིན་གྱི་མགོའི་རྨ་ཁའི་འཚེམ་བུ་ཟླ་6ཚེས་11ཉིན་བཤིགས་པ་དང་དབྱི་ཀྲེན་ཡུང་གི་སྒལ་པའི་རྨ་ཁའི་འཚེམ་བུ་ཟླ་6ཚེས་13ཉིན་བཤིགས་པ་རེད།མིག་སྔར་ཁོང་གཉིས་པོ་ནད་ཁྲི་ནས་བབས་ནས་འགུལ་སྐྱོད་ཏོག་ཙམ་བྱེད་ཐུབ་ཀྱང་གཟུགས་པོ་སྔར་བཞིན་སྐྱོ་ཙམ་ཡོད་པར་བརྟེན་ད་དུང་སྨན་བཅོས་བྱེད་དགོས་ཀྱི་ཡོད་ཅིང་།འདི་ནི་ལིའུ་ཡན་པིན(མདུན)དང་དབྱི་ཀྲེན་ཡུང་གིས་ནད་ཁང་དུ་གློག་ཀླད་བརྒྱུད་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་བསྐྱར་གཏོང་ལ་ལྟ་བཞིན་པའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག