མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྤྱིའི་དམག་དོན་ལུས་རྩལ་གྱི་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་ནང་ཀྲུང་གོའི་འཐུས་མི་ཚོགས་པར་སླར་ཡང་གསེར་གྱི་རྟགས་མ་6ཐོབ་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-06-17 09:38

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་14ཉིན་སུའེ་ཙེར་ལོ་ཅ་ནུའོ་རུ་རྒྱལ་སྤྱིའི་དམག་དོན་ལུས་རྩལ་གྱི་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་སྐབས་46པར་ཞུགས་བཞིན་པའི་ཀྲུང་གོའི་དམག་དོན་འཐུས་མི་ཚོགས་པས་ཆུ་རྐྱལ་རྫིང་བུའི་ནང་གསེར་གྱི་རྟགས་མ་ལེན་པའི་ཚབ་རླབས་ཤིག་འཕྱུར་ནས་ཉིན་གཅིག་ལ་གསེར་གྱི་རྟགས་མ་6བླངས་པ་རེད།མིག་སྔར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་8དང་།དངུལ་གྱི་རྟགས་མ་4 ཟངས་ཀྱི་རྟགས་མ་7བཅས་ཀྱི་གྲུབ་འབྲས་ཐོག་ནས་གནས་སྐབས་གསེར་གྱི་རྟགས་མའི་གྲངས་འབོར་དང་གཟེངས་རྟགས་སྤྱི་འབོར་ཨང་དང་པོར་སླེབས་ཡོད་པ་རེད།

    དེ་ཉིན་སྔ་དྲོ་སྤེལ་བའི་གྲ་སྒྲིག་འགྲན་བསྡུར་ནང་རང་རྒྱལ་གྱི་དམག་དོན་ལུས་རྩལ་པས་རྩལ་འགྲན་གྱི་རྣམ་པ་བཟང་པོ་མངོན་པར་བྱས་ཏེ་སྔ་རྗེས་སུ་མི་ཐེངས་15རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་ཡོད།ཕྱི་དྲོ་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁག་དངོས་སུ་འགོ་ཚུགས་པ་དང་དང་ཐོག་སྤེལ་བའི་སྐྱེས་པའི་སྨི་100ཡི་རང་མོས་ཆུ་རྐྱལ་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཉིང་ཙེ་པོ་ཡིས་སྐར་ཆ་48.48ཀྱི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཉིན་དེའི་གསེར་གྱི་རྟགས་མ་ཐོག་མ་དེ་བླངས་པ་མ་ཟད།རྣམ་གྲངས་དེའི་རྒྱལ་སྤྱིའི་དམག་དོན་ལུས་རྩལ་གྱི་ཟིན་ཐོ་ལས་བརྒལ་ཡོད་པ་རེད།

    ཁ་ཉིན་གཉེར་བའི་ཆུ་རྐྱལ་གྱི་ཉིན་དང་པོའི་འགྲན་བསྡུར་ནང་རང་དམག་གི་ལུས་རྩལ་པ་སོ་རན་དང་ཉིང་ཙེ་པོས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་བུད་མེད་ཀྱི་སྨི་100ཡི་སྦལ་རྐྱལ་དང་སྐྱེས་པའི་སྨི་50ཡི་རང་མོས་ཆུ་རྐྱལ་རྣམ་གྲངས་ནང་རྒྱལ་ཁབ་ཁག་གི་ལུས་རྩལ་པ་ལས་རྣམ་པར་རྒྱལ་ཏེ་གསེར་གྱི་རྟགས་མ་བླངས་ནས་ཀྲུང་གོའི་འཐུས་མི་ཚོགས་པར་འགོ་ཚུགས་མ་ཐག་རྒྱལ་ཁ་ཐོབ་ཡོད་པ་རེད།

    ཉིན་གཉིས་ཀྱི་འགྲན་བསྡུར་བྱས་རྗེས་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པས་རྩལ་འགྲན་གྱི་ཆུ་ཚད་མཐོ་པོ་ངོམས་ནས་རྒྱལ་སྤྱིའི་དམག་དོན་ལུས་རྩལ་གྱི་ཟིན་ཐོ་ཁག་9ལས་བརྒལ་བའི་ནང་ནས་ཀྲུང་གོའི་དམག་དོན་་འཐུས་མི་ཚོགས་པའི་བདམས་ཐོན་པ་གསུམ་གྱིས་ཟིན་ཐོ་བརྒལ་ཡོད།མིག་སྔར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་8དང་།དངུལ་གྱི་རྟགས་མ་4ཟངས་ཀྱི་རྟགས་མ་7བཅས་དང་དེ་བཞིན་གཟེངས་རྟགས་སྤྱི་འབོར་19ཡི་གྲུབ་འབྲས་ཐོག་ནས་གསེར་གྱི་རྟགས་མའི་གྲངས་དང་གཟེངས་རྟགས་སྤྱི་འབོར་གནས་སྐབས་ཨང་དང་པོར་སླེབས་པ་དང་།པར་ཙིར་གྱི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་7དང་།དངུལ་གྱི་རྟགས་མ་2 ཟངས་ཀྱི་རྟགས་མ་7བཅས་བླངས་ནས་གཟེངས་རྟགས་སྤྱི་འབོར་16གི་གྲུབ་འབྲས་ཐོག་ནས་ཨང་གཉིས་པར་སླེབས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག