མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

“རྒྱལ་ཡོངས་ཀྱི་གཞོན་ནུའི་བྱ་གཞག་གསར་གཏོད་ཀྱི་ཕྱོགས་སྟོན་འཆར་གཞི”མཚོ་སྔོན་དུ་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-17 09:38

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གཞོན་ནུའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་ཆར“རྒྱལ་ཡོངས་ཀྱི་གཞོན་ནུའི་བྱ་གཞག་གསར་གཏོད་ཀྱི་ཕྱོགས་སྟོན་འཆར་གཞི”མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་དངོས་སུ་སྤེལ་འགོ་ཚུགས་ཤིང་།སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དབང་ཧུང་གཡན་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཁོང་གིས་ད་ཕན་ལོ་ཤས་རིང་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་བྱ་གཞག་གསར་གཏོད་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཞོན་ནུར་ཞབས་འདེགས་ཞུ་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུའི་བྱ་གཞག་གསར་གཏོད་དང་ལས་ཞུགས་ཀྱི་ཞབས་ཞུའི་མ་ལག་ལ་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་བྱ་གཞག་གསར་གཏོད་དང་ལས་ཞུགས་ཀྱི་འདུ་ཤེས་སློབ་གསོ་དང་།བྱ་གཞག་གསར་གཏོད་ཀྱི་སྟེགས་བུ་བསྐྲུན་རྒྱུ།བྱ་གཞག་གསར་གཏོད་ཀྱི་ཞབས་ཞུ།བྱ་གཞག་གསར་གཏོད་ཀྱི་གླིང་ཁུལ་བསྐྲུན་རྒྱུ།སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་སོགས་ཀྱི་ཐད་གཞོལ་ནས་ཕན་འབྲས་དངོས་ཐོན་པ་བྱས་ཡོད་ཅེས་གསུངས།ཁོང་གིས“གཞོན་ནུའི་བྱ་གཞག་གསར་གཏོད་ཀྱི་ཕྱོགས་སྟོན་འཆར་གཞི”ལག་བསྟར་ཡག་པོ་བྱ་རྒྱུའི་འགག་རྩ་ནི་བྱ་གཞག་གསར་གཏོད་ཀྱི་ཤེས་ལྡན་པ་འདེམས་བསྐོ་དང་།གསོ་སྦྱོང་།ལྟ་སྦྱོང་།ཟུར་ཁྲིད་སོགས་ཀྱི་ལྷུ་ཚིགས་དམ་འཛིན་ཡག་པོ་བྱས་ནས་བྱ་གཞག་གསར་གཏོད་ཀྱི་ཕྱོགས་སྟོན་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་ཞིང་ཆེན་སྒྲིག་ཨུད་ཀྱི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་འགོ་ཚུགས་མཛད་སྒོར་ཕེབས་ཤིང་།རྒྱལ་ཡོངས་ཀྱི་ཕུལ་བྱུང་གཞོན་ནུའི་ཁེ་ལས་ཅན་50དང་མཚོ་སྔོན་ཞིང་ཆེན་གྱི་བྱ་གཞག་གསར་གཏོད་བྱེད་མཁན་གཞོན་ནུ་150ཙམ་མཛད་སྒོའི་ནང་ཞུགས་ཡོད།འགོ་ཚུགས་མཛད་སྒོའི་ཐོག་གཞོན་ནུའི་བྱ་གཞག་གསར་གཏོད་ཀྱི་སློབ་སྟོན་དགེ་རྒན་20ལ《དགེ་རྒན་གྱི་གདན་ཞུས་ལག་ཁྱེར》སྤྲད་པ་དང་བྱ་གཞག་གསར་གཏོད་བྱེད་མཁན་གཞོན་ནུ་དང་ཆ་སྒྲིག་བྱས་ཁར།ཕྱིས་སུ་བྱ་གཞག་གསར་གཏོད་ཀྱི་སློབ་སྟོན་དགེ་རྒན་དེ་དག་སློབ་ཆེན་དུ་བསྐྱོད་ནས་གཞོན་ནུ་ཚོ་དང་སྤེལ་རེས་བྱ་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག