མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་སོགས་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 11:12

  ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་ལ་མཇལ་འཕྲད་གནང་།

6月12日,中共中央政治局常委、中央书记处书记刘云山在赫尔辛基会见芬兰总理卡泰宁。.jpg

  ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྥིན་ལན་གྱི་ཙུང་ལིས་ཁ་ནེ་ཉིན་ལ་མཇལ་འཕྲད་གནང་།

6月13日,中共中央政治局常委、中央书记处书记刘云山在赫尔辛基会见芬兰议长海内卢奥马。.jpg

  ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྥིན་ལན་གྱི་གྲོས་དཔོན་ཧེ་ནེ་ལུའུ་ཨོ་མ་ལ་མཇལ་འཕྲད་གནང་།

6月13日,中共中央政治局常委、中央书记处书记刘云山在赫尔辛基会见芬兰社民党主席、财政部长林内。.jpg

  ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྥིན་ལན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི། ནོར་སྲིད་པུའུ་ཀྲང་ལིན་ནེ་ལ་མཇལ་འཕྲད་གནང་།

6月12日,中共中央政治局常委、中央书记处书记刘云山在赫尔辛基会见芬兰中间党主席西皮莱。.jpg

  ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཧྥིན་ལན་བར་གནས་ཏང་གི་ཀྲུའུ་ཞི་ཞི་པུས་ལེ་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥིན་ལན་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་ཧྥིན་ལན་ལ་དངོས་གཞིའི་འཚམས་འདྲི་མཛད། ཁོང་གིས་ཧི་ཨར་ཞིན་ཅི་གྲོང་ཁྱེར་ནས་ཙུང་ཐུང་ཉི་ཉི་སི་ཐོ་དང་ཙུང་ལིས་ཁ་ཐེ་ཉིན། གྲོས་དཔོན་ཧེ་ནེ་ལུའུ་ཨོ་མ། སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི། ནོར་སྲིད་པུའུ་ཀྲང་ལིན་ནེ། བར་གནས་ཏང་གི་ཀྲུའུ་ཞི་ཞི་པུས་ལེ་བཅས་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ལུག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་ནི་འཛམ་གླིང་སྟེང་གི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་ལ། ཀྲུང་གོ་དང་ཡོ་རོབ་གླིང་བར་དུ་ཞི་བདེ་དང་འཕར་སྣོན། བཅོས་སྒྱུར། དཔལ་ཡོན་བཅས་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་གསར་སྐྲུན་བྱས་ན་འཛམ་གླིང་གི་དར་རྒྱས་གོང་འཕེལ་ལ་ཕན་པ་ཆེན་པོ་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཡོ་རོབ་གླིང་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བས་འཛམ་གླིང་ཡོངས་ལ་ཐེབས་པའི་ཤན་ཤུགས་སྔར་ལས་ཇེ་ཆེར་གཏོང་འདོད་ཡོད་པར་མ་ཟད། ཧྥིན་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས་ཟེར།

  ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གིས་སྒོ་འབྱེད་ཀྱི་རྣམ་པར་བརྟེན་ནས་རྒྱལ་ཁབ་དང་སྲིད་ཏང་གཞན་པས་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཀྱི་ཉམས་མྱོང་བཟང་བོར་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པར་མ་ཟད་ཧྥིན་ལན་གྱི་སྲིད་ཏང་སོ་སོ་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་ཕྱོགས་ནས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

  ཉི་ཉི་སི་ཐོ་ཡིས་བཤད་རྒྱུར། ཉེ་བའི་ལོ་གཉིས་ཀྱི་ནང་དུ་བདག་གིས་ཐེངས་འགར་ཀྲུའུ་ཞི་ཞི་ཅིན་ཕེན་ལ་ཐུག་འཕྲད་བྱས་ཏེ། ཧྥིན་ལན་དང་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་མཉམ་ལས་སོགས་ཕྱོགས་སུ་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་བ་དང་། ང་ཚོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བར་ཧ་ཅང་ཡིད་ཚིམས་ཡོད་ཟེར།

  ཁ་ཐེ་ཉིན་གྱིས་བཤད་རྒྱུར། ཧྥིན་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་ཀྱིན་ཡོད་པ་དང་མདུན་དུ་གཅིག་འདྲ་ཡིན་པའི་འགྲན་རྩོད་གང་མང་གནས་ཡོད་པས། ཕྱོགས་གཉིས་ཀྱིས་སློབ་གསོ་དང་ཚན་རིག་ཞིབ་འཇུག ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་དགོས་ཟེར།

  ཧེ་ནེ་ལུའུ་ཨོ་མ་ཡིས་བཤད་རྒྱུར། ཧྥིན་ལན་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་ཆེ་ཆུང་གང་རུང་གི་བར་དུ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་མཛའ་མཐུན་མཉམ་གནས་ཀྱི་དཔེ་སྟོན་དུ་བརྩིས་ཆོག་པ་དང་། ང་ཚོས་གྲོས་ཁང་མཉམ་ལས་དང་བཅས་པའི་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་

  ལིན་ནེ་ཡིས་བཤད་རྒྱུར། ཀྲུང་གོའི་ཁེ་ལས་མང་པོ་ཧྥིན་ལན་ལ་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བ་དང་། སྤྱི་ཚོགས་དམངས་གཙོ་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

  ཞི་པུས་ལེ་ཡིས་བཤད་རྒྱུར། བར་གནས་ཏང་གིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག