མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱིས་འོ་རྩམ་ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་བྱེད་པར་སྒོར་དུང་ཕྱུར600ཡི་རོགས་སྐྱོར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 10:46

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཕྲུ་གུ་དམར་འབྱར་གྱི་འོ་རྩམ་ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་བྱེད་ཐབས་ཞེས་པ་ཁྱབ་བསྒྲགས་བྱས་རྗེས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་དམངས་འཚོའི་དངུལ་ཁང་གིས་ཟླ་སྒྲིལ་བསྐྱར་སྒྲིག་ལས་དོན་ལ་མ་དངུལ་སྒོར་དུང་ཕྱུར600བཏང་ནས་རོགས་རམ་བྱེད་རྒྱུ་ཡིན་ཞེས་བཤད་ཡོད། རིགས་གཅིག་མཁས་པས་སྒོར་དུང་ཕྱུར600ཡིས་ཐོན་ལས་ཀྱིས་དུས་རིམ་དང་པོའི་གཏན་འཁེལ་དམིགས་འབེན་ལེགས་འགྲུབ་ཐུབ་རྒྱུར་འདེགས་སྐྱོར་ཐུབ་ངེས་ཡིན། འོན་ཀྱང་དངུལ་བུན་རྫུན་སྐྱི་བྱེད་པའི་སྣང་ཚུལ་ཐོན་རྒྱུར་སྔོན་འགོག་བྱེད་དགོས་ཞེས་གསུང་ཡོད།

    རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་བཟོ་ལས་དང་ཆ་འཕྲིན་ཅན་པུའི་འོས་སྦྱོར་བྱས་པའི་འོག་ལ་རྒྱལ་ནང་གི་ཕྲུ་གུ་དམར་འབྱར་གྱི་འོ་རྩམ་ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་རྒྱུའི་རྣམ་གྲངས་ཀྱི་རྨང་གཞི་བྱས་ནས་རོགས་རམ་དངུལ་བུན་དང་རིགས་ཁག་གི་དངུལ་རྩའི་ཐོན་ལས་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག