མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྐོར་ཞིབ་གཞུང་ལས་ཁང་གིས་སྐོར་ཞིབ་ལས་དོན་གྱི་ཆེད་དོན་ཞིབ་བཤེར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-16 10:46

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་སྤྱི་ཚེས15ཉིན་གནས་ཚུལ་སྤེལ་ཏེ། ཉེ་དུས། ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་ལྟར། ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཆེད་དོན་ཞིབ་བཤེར་ཚོགས་ཆུང་ལྔ་སྒྲིག་འཛུགས་བྱས་ཏེ། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་པེ་ཅིང་སོགས་ཞིང་ལྗོངས་དང་གྲོང་ཁྱེར་བཅུ་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེར་སྐོར་ཞིབ་ལས་དོན་སྤེལ་བའི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་རྒྱུར་གཞོགས་འདེགས་བྱས་པ་རེད།

    ཆེད་དོན་ཞིབ་བཤེར་ནང་ནང་དོན་ཁག་བཞི་ཚུད་ཡོད་པ་སྟེ། གཅིག་ནི། འགོ་ཁྲིད་ཚོགས་ཆུང་དང་དེ་མིན་གྱི་འབྲེལ་ཡོད་ཚོགས་འདུའི་ཟིན་ཐོར་ཞིབ་བཤེར་བྱས་ཏེ་སྐོར་ཞིབ་ལས་དོན་གྱི་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཚུལ་ཤེས་རྟོགས་བྱས་པ་དང་། གཉིས་ནི། སྐོར་ཞིབ་སྙན་ཞུ་དང་དེ་མིན་ལས་དོན་གྱི་སྙན་ཞུར་ཞིབ་བཤེར་བྱས་པ་དང་། ལྟེ་བ་གཅིག་དང་། གཙོ་གནད་བཞིར་གཞིགས་ཏེ་གནད་དོན་ཤེས་རྟོགས་བྱེད་ཚུལ་ལ་རྒྱུས་ལོན་བྱས་པ། གསུམ་ནི་སྐོར་ཞིབ་གྲུབ་འབྲས་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་བྱས་ནས་ལན་ཆ་དང་རྩིས་སྤྲོད་དུས་ཐོག་དང་ཚད་ལྡན་ཡིན་མིན་དང་། བསྒྱུར་བཅོས་ལས་དོན་གནད་ལ་འཁེལ་མིན་ལ་ཞིབ་བཤེར་བྱས་པ། བཞི་ནི་སྐོར་ཞིབ་ལམ་ལུགས་དང་དཔུང་ཁག་འཛུགས་སྐྱོང་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ལམ་ལུགས་འཐུས་སྒོ་ཚང་མིན་དང་འགོ་ཁྲིད་ཚོགས་ཆུང་དང་སྐོར་ཞིབ་གཞུང་ལས་ཁང་བཀོད་སྒྲིག་བྱེད་སྟངས། སྐོར་ཞིབ་ལས་བྱེད་པ་བཀོད་སྒྲིག་བྱེད་སྟངས་སོགས་ལས་ཀའི་དགོས་མཁོ་དང་མཐུན་མིན་ཞིབ་བཤེར་བྱས་པ་བཅས་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག