མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྐོར་ཞིབ་གཞུང་སྒྲུབ་ཁང་གིས་སྐོར་ཞིབ་བྱ་བར་ཆེད་དོན་ཞིབ་བཤེར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 10:46

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཉེ་ལམ། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཆེད་དོན་ཞིབ་བཤེར་ཚན་ཆུང་ལྔ་བཙུགས་ཏེ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་པེ་ཅིན་སོགས་ཞིང་ལྗོངས་དང་གྲོང་ཁྱེར་བཅུ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་ལ་སྐོར་ཞིབ་བྱ་བ་སྒྲུབ་པའི་གནས་ཚུལ་ཐད་ནས་ཆེད་དོན་ཞིབ་བཤེར་བྱས།

    ཆེད་དོན་ཞིབ་བཤེར་བྱ་བ་སྒྲུབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཞིང་ལྗོངས་དང་གྲོང་ཁྱེར་བཅས་ཀྱི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྐོར་ཞིབ་ས་ཁུལ་གྱི་འགན་འཁྲི་གཉིས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་ནང་དོན་གཙོ་བོ་ཞིག་ཀྱང་ཡིན། ཞིབ་བཤེར་གྱི་ནང་དོན་འདི་ལྟར། གཅིག་ནི་མགོ་ཁྲིད་ཚན་ཆུང་དང་འབྲེལ་ཡོད་གྲོས་ཚོགས་ཀྱི་ཟིན་བྲིས་ལ་ཞིབ་བཤེར་བྱས་ནས། སྐོར་ཞིབ་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གཉིས་ནི་སྐོར་ཞིབ་སྙན་ཞུ་དང་བྱ་བའི་སྙན་ཞུ་གཞན་པར་ཞིབ་བཤེར་བྱས། གསུམ་ནི་སྐོར་ཞིབ་བྱ་བའི་གྲུབ་འབྲས་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། བཞི་ནི་སྐོར་ཞིབ་བྱ་བའི་ལམ་ལུགས་དང་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་བཅས་རེད།

    ཤེས་གསལ་ལྟར་ན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་གནས་ཚུལ་ཞིབ་བཤེར་སྙན་ཞུ་དེ་སྐོར་ཞིབ་སྙན་ཞུ་དང་ཕྱིར་ལྡོག་བསམ་འཆར་འབྲི་བའི་དཔྱད་གཞིར་འཛིན་རྒྱུ་དང་། ཀྲུང་དབྱང་སྐོར་ཞིབ་གཞུང་སྒྲུབ་ཁང་གིས་ཆེད་དོན་ཞིབ་བཤེར་གྱི་ཕྱོགས་བསྡུས་སྙན་ཞུ་བྲིས་ཏེ་ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་ལ་འབུལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག