མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་དྲུག་པའི་མཚོ་འགག་གླེང་སྟེགས་ཞ་མིན་ནས་བསྡུས། ཡུས་ཀྲིན་ཧྲིན་གླེང་སྟེགས་སུ་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 10:46

俞正声出席第六届海峡论坛开幕式1.jpg

    ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། སྐབས་དྲུག་པའི་མཚོ་འགག་གླེང་སྟེགས་དེ་ཚེས་བཅོ་ལྔ་ཉིན་ཞི་མིན་གྲོང་ཁྱེར་གྱི་མཚོ་འགག་གྲོས་ཚོགས་ལྟེ་གནས་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གླེང་སྟེགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

俞正声出席第六届海峡论坛开幕式2.jpg

     ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། སྐབས་དྲུག་པའི་མཚོ་འགག་གླེང་སྟེགས་དེ་ཚེས་བཅོ་ལྔ་ཉིན་ཞི་མིན་གྲོང་ཁྱེར་གྱི་མཚོ་འགག་གྲོས་ཚོགས་ལྟེ་གནས་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གླེང་སྟེགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ། པར་འདི་ནི་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྔོན་ལ། ཡུས་ཀྲིན་ཧྲིན་གྱིས་གླེང་སྟེགས་སུ་ཞུགས་པའི་མཚོ་འགག་འགྲམ་གཉིས་ཀྱི་སྐུ་མགྲོན་ཁ་ཤས་དང་གླེང་སྟེགས་གཙོ་སྒྲུབ་བྱས་པའི་ལས་ཁུངས་ཀྱི་འཐུས་མིར་མཇལ་འཕྲད་གནང་བའི་ཚུལ་རེད། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་དྲུག་པའི་མཚོ་འགག་གླེང་སྟེགས་དེ་ཚེས་བཅོ་ལྔ་ཉིན་ཞི་མིན་གྲོང་ཁྱེར་གྱི་མཚོ་འགག་གྲོས་ཚོགས་ལྟེ་གནས་ནས་བསྡུས། ཀྲུང་གོ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གླེང་སྟེགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

     ཡུས་ཀྲིན་ཧྲིན་གྱིས་ཞུ་ཚིག་འབུལ་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངག་བཅོལ་དེང་དུ་བླངས་ཏེ། གླེང་སྟེགས་སུ་ཞུགས་པའི་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་དང་ཁྱད་པར་དུ་ཐའེ་ཝན་ནས་ཡོང་བའི་ཡུལ་མི་རྣམ་པར་སྙིང་ཐག་པ་ནས་འཚམས་འདྲི་ཞུས། ཁོང་གིས་གསུངས་རྒྱུར། སྐབས་འདིའི་གླེང་སྟེགས་ཀྱིས་འཆམ་མཐུན་འཕེལ་རྒྱས་དང་མཚོ་འགག་འགྲམ་གཉིས་ལ་བདེ་སྐྱིད་བསྐྲུན་པ་ཞེས་པ་ནང་དོན་གཙོ་བོར་བཟུང་སྟེ། མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་ཀྱི་རེ་འདུན་མཚོན་པར་བྱས། དེ་ནི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་སུ་སོང་བའི་གྲུབ་འབྲས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་དཔེ་རིས་ངོ་མ་ཞིག་ཡིན་ལ། དེ་ལས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་སྤྱི་ཚོགས་འཆམ་མཐུན་དང་དཔལ་འབྱོར་འཕེལ་རྒྱས། བདེ་སྐྱིད་ཀྱི་འཚོ་བ་བཅས་གཉེར་བའི་རེ་བ་ནན་མོ་མཚོན་པར་བྱས་པ་ཡིན་ཟེར།

    ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། མི་གཙོ་བོར་འཛིན་པ་དང་དམངས་ཀྱི་དོན་དུ་ཁེ་ཕན་གཉེར་བ་ནི་ང་ཚོའི་སྲིད་སྐྱོང་འདུ་ཤེས་ཡིན་ལ། ང་ཚོས་ཐའེ་ཝན་ཕྱོགས་ཀྱི་སྲིད་ཇུས་སྣ་ཚོགས་གཏན་འཁེལ་དང་ལག་བསྟར་བྱེད་པའི་གཞིར་འཛིན་ས་དང་རྐང་ཚུགས་ས་ཡང་ཡིན་པས། ང་ཚོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཐའེ་ཝན་མི་དམངས་ལ་ཁེ་ཕན་བསྐྲུན་པའི་དོན་དངོས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

     ཡུས་ཀྲིན་ཧྲིན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་ལག་གདང་སྦྲེལ་ནས་མཐུན་སྒྲིལ་བྱེད་པ་དང་ཕན་ཚུན་ལ་བརྩེ་བ་དང་དུང་བར་བྱེད་ན། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་སུ་གཏོང་བའི་རྒྱུད་རིམ་ཁྲོད་སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་བཟང་བོ་རོལ་བའི་རེ་འདུན་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྔ་མོ་ནས་མངོན་འགྱུར་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་ཐུབ་ཞེས་ནན་གྱིས་གསུངས།

     ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཧུང་ཞིག་ཀྲུའུ་སོགས་ཀྱིས་གཏམ་བཤད་སྐབས་མཚོ་འགག་འགྲམ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་གྲུབ་འབྲས་དེ་སྔར་ལས་མང་པོའི་གཞི་རིམ་ཀྱི་མི་དམངས་མང་ཚོགས་ལ་ལོངས་སུ་སྤྱོད་དུ་འཇུག་པ་དང་། ཞི་བའི་འཕེལ་རྒྱས་ཀྱི་འདུ་ཤེས་མིའི་སེམས་སུ་ཆགས་པར་བྱེད་དགོས་པའི་ཚུལ་བསྟན།

    གླེང་སྟེགས་མགོ་རྩོམ་ཁར། ཡུས་ཀྲིན་ཧྲིན་གྱིས་ད་རུང་གླེང་སྟེགས་སུ་ཞུགས་པའི་མཚོ་འགག་འགྲམ་གཉིས་ཀྱི་སྐུ་མགྲོན་ཁ་ཤས་དང་གླེང་སྟེགས་གཙོ་སྒྲུབ་བྱས་པའི་ལས་ཁུངས་ཀྱི་འཐུས་མིར་མཇལ་འཕྲད་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག