མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནོར་སྲིད་པུའུ་དང་དམངས་སྲིད་པུས་ཅང་ཞི་དང་ཧུའུ་ནན་སོགས་ཞིང་ཆེན་བཞིར་ཀྲུང་དབྱང་གི་གནོད་སེལ་མ་དངུལ་སྒོར་དུང་ཕྱུར3.58གཏོང་སྤྲོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-16 10:46

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས11ཉིན། ནོར་སྲིད་པུའུ་དང་དམངས་སྲིད་པུའུ་ཡིས་ཅང་ཤི་དང་། ཧུའུ་ནན། ཀོང་ཏུང་། ཀུའེ་ཀྲོའུ་བཅས་ཞིང་ཆེན་བཞིར་ཁྱོན་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་དངུལ་སྒོར་དུང་ཕྱུར3.58གཏོང་སྤྲོད་བྱས་པ་དང་། དེ་དག་ཉེ་དུས་དྲག་ཆར་བབས་ཏེ་ཆུ་ལོག་དང་ཞོད་སྐྱོན་ཐོན་པའི་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཛ་དྲག་གནས་སྤོས་བཀོད་སྒྲིག་དང་། བར་བརྒལ་རང་བཞིན་གྱི་འཚོ་བའི་རོགས་སྐྱོབ། སྡོད་ཁང་བསྐྱར་སྐྲུན། གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་སེམས་གསོའི་དངུལ་སྤྲོད་རྒྱུ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་རྒྱུ་བཅས་ཀྱི་ཐད་བཏང་ཡོད་པ་རེད།

    དེ་མིན། ཅང་ཞི་དང་། ཧུའུ་ནན། ཀོང་ཏུང་། ཀུའེ་ཀྲོའུ་བཅས་ཞིང་ཆེན་བཞིས་ཁྱོན་ཞིང་ཆེན་རིམ་པའི་གནོད་སེལ་ཛ་དྲག་དངུལ་སྒོར་བྱེ་བ4.15གཤམ་སྤྲོད་བྱས་པ་དང་། གུར་དང་། སྲིང་བལ་ཕོ་ཁེབས། རྩ་གདན། འབྲས་སོགས་གནོད་སེལ་དངོས་པོ་སྐྱེལ་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག