མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་ཁྲིམས་ལྟར་རིམ་པ་བཞིན་ངོ་བཅར་བྱེད་པའི་ལས་དོན་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-16 10:38

    ཟླ་6ཚེས་13ཉིན་རྒྱལ་ཡོངས་ཀྱི་ཁྲིམས་ལྟར་རིམ་པ་བཞིན་ངོ་བཅར་བྱེད་པའི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་།ཚོགས་འདུའི་ཐོག་ཡིག་འབུལ་ངོ་བཅར་གྱི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ནི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཐུག་ཡོད།ཁྲིམས་ལྟར་རིམ་པ་བཞིན་ངོ་བཅར་བྱེད་པར་སྐུལ་འདེད་གཏོང་བར་ཡིག་འབུལ་ངོ་བཅར་གྱི་ལས་དོན་སྒྲུབ་པའི་འགན་འཁྲི་སྔར་བས་ཡག་པོ་བཟོ་བ་དང་།ལས་ཀའི་གོ་རིམ་ཚད་ལྡན་དུ་གཏོང་བ།འགན་འཛོལ་ཤོར་བ་ལས་བྱུང་སྲིད་པའི་མཇུག་འབྲས་ཁ་གསལ་ཡོང་བ་བྱེད་པ་བཅས་བྱས་ཏེ་ཡིག་འབུལ་ངོ་བཅར་གྱི་དོན་དག་ས་ཆ་དེ་རང་ལ་དུས་ཐོག་ཏུ་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།ཡིག་འབུལ་ངོ་བཅར་ལས་དོན་གྱི་ལས་ཆོད་སྔར་བས་ཆེ་རུ་གཏོང་བ་དང་ཐག་གཅོད་བྱེད་དབང་ཡོད་པའི་ལས་ཁུངས་དང་ངོ་བཅར་བྱེད་པར་ཡོང་མཁན་མང་ཚོགས་ལ་གོ་རིམ་དང་བླང་བྱ་ཁ་གསལ་བའི་ཐབས་ལམ་ཞིག་གསལ་སྟོན་བྱས་ཏེ་མང་ཚོགས་ཡིག་འབུལ་ངོ་བཅར་བྱེད་པར་ཡོང་བའི་མ་གནས་དང་ཡར་རྒྱུག་མར་རྒྱུག་གི་ངལ་དུབ་ཆུང་དུ་ཏན་ཏིག་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

    ཚོགས་འདུའི་ཐོག་ཁྲིམས་ལྟར་རིམ་པ་བཞིན་ངོ་བཅར་བྱེད་པར་སྐུལ་འདེད་གཏོང་བར་ཕྱོགས་ཁག་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་མ་མཐའི་འགན་འཁྲི་ཁ་གསལ་ཡོང་བ་བྱས་ཏེ་གོང་རིམ་ལས་ཁུངས་ཀྱིས་བདག་སྤྲོད་བྱེད་མི་ཆོག་པའི་རིམ་པ་བརྒལ་བའི་ངོ་བཅར་ཐད་གཞི་རིམ་དང་ལྷག་པར་དུ་ཐག་གཅོད་བྱེད་དབང་ཡོད་པའི་སྡེ་ཚན་གྱིས་གནད་དོན་གང་རུང་ཞིག་ལ་ཁ་གཡར་ནས་རང་འགན་གཞན་དཀྲི་བྱེད་མི་རུང་བ་དང་།ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ《བྱ་ཐབས》དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་ལས་དོན་སྒྲུབ་རིང་ཁྲལ་སེལ་སླ་བཅོས་དང་།འགན་འཁྲི་ཕར་དཀྲི་ཚུར་དཀྲི།མི་བདེན་རྫུན་སྒྲིག་བཅས་བྱས་པ་ལས་མང་ཚོགས་རིམ་པ་བརྒལ་ནས་ངོ་བཅར་བྱེད་པའམ།ཐ་ན་ཐལ་ཆེའི་དོན་རྐྱེན་ཐོན་པའི་དཔེ་མཚོན་གྱོད་དཔེར་ཡིག་འབུལ་ངོ་བཅར་ལས་དོན་གྱི་སྒྲིག་ཁྲིམས་ཆད་གཅོད་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་དགོས་པ་དང“སུ་ཞིག་གིས་གནད་དོན་བཟོས་ཕྱིན་དེས་འགན་འཁུར་བ་དང་དེའི་འགན་འཁྲི་བདའ་འདེད་གཏོང་བའི”ཁྲིད་སྟོན་འཛུགས་དགོས་པ་དང་འབྲེལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག