མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2014ལོར་ཀྲུང་དབྱང་གིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་230བཏང་སྟེ།དབུལ་པོའི་ཞིང་དུད་ཁྲི་266གི་ཉེན་ཁང་སྒྱུར་བཀོད་བྱེད་རོགས་བྱས་པ།

རང་ལྗོངས་ཀྱི་ཞིང་དུད་ཁྲི་14ཡིས་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་ཟུང་འབྲེལ་གྱིས་འཛུགས་སྐྲུན་ནུས་བསྲིའི་དཔེ་སྟོན་བཏོད་པ།

    2014-06-16 09:43

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2014ལོར་ཀྲུང་དབྱང་གིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་230བཏང་སྟེ་རྒྱལ་ཡོངས་ཀྱི་དབུལ་པོའི་ཞིང་དུད་ཁྲི་266གི་ཉེན་ཁང་སྒྱུར་བཀོད་བྱེད་རོགས་བྱས་ཤིང་། ཁ་གསབ་ཚད་གཞི་ནི་དུད་ཚང་རེར་ཆ་སྙོམས་སྒོར་7500ཡིན་པའི་རྨང་གཞིའི་ཐོག་ས་ཁུལ་དབུལ་པོའི་དུད་ཚང་མི་རེ་ངོ་རེར་ཁ་གསབ་སྒོར་1000ཁ་སྣོན་རྒྱག་རྒྱུ་དང་། སྐམ་སའི་མཐའ་མཚམས་རྫོང་གི་མཐའ་མཚམས་རྒྱུད་ཀྱི་དབུལ་པོའི་ཞིང་དུད་དང་འཛུགས་སྐྲུན་ནུས་བསྲིའི་དཔེ་སྟོན་དུད་ཚང་ཚང་མར་ཁ་གསབ་སྒོར་2500ཁ་སྣོན་རྒྱག་རྒྱུ་རེད། གོང་གསལ་གྱི་གནས་ཚུལ་དེ་ནི་གསར་འགོད་པས་ཚེས་13ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན།

    སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་ཀྱི་ཁ་གསབ་བྱ་ཡུལ་གཙོ་བོ་ནི་ཉེན་ཁང་ནང་བསྡད་པའི་གྲོང་གསེབ་ཀྱི་ཁ་འགྲེམས་བསྙེན་བཀུར་གྱི་འགན་ལེན་ལྔའི་དུད་ཚང་དང་། མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་། དབང་པོ་སྐྱོན་ཅན་གྱི་དུད་ཚང་དབུལ་པོ་དང་དེ་བཞིན་དབུལ་པོའི་དུད་ཚང་གཞན་དག་བཅས་ཡིན། དབུལ་པོའི་ཞིང་དུད་ཁྲི་266ནང་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གཅིག་སྡུད་ཡུག་སྦྲེལ་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་རྫོང་དང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་ཀའི་གཙོ་གནད་རྫོང་སོགས་ས་ཁུལ་དབུལ་པོའི་དུད་ཚང་ཁྲི་105དང་། སྐམ་སའི་མཐའ་མཚམས་རྫོང་གི་མཐའ་མཚམས་རྒྱུད་ཀྱི་དུད་ཚང་ཁྲི་15 བྱང་ཤར་དང་། ནུབ་བྱང་། ཧྭ་པེ་སོགས“བྱང་གསུམ”ས་ཁུལ་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་དུད་ཁྲི་14ཡིས་ཉེན་ཁང་སྒྱུར་བཀོད་དང་ཟུང་འབྲེལ་གྱིས་འཛུགས་སྐྲུན་ནུས་བསྲིའི་དཔེ་སྟོན་བཏོད་རྒྱུ་ཚུད་ཡོད། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ཉེན་ཁང་སྒྱུར་བཀོད་ཀྱི་ལས་འགན་དེ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ་དང་མཉམ་དུ་གཏན་འཁེལ་བྱས་པ་རེད།

    སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འགན་འཁུར་བས། ས་ཁུལ་ཁག་གིས་ཡུལ་བབ་དང་བསྟུན་ཏེ་ཡུལ་དེའི་དོན་དངོས་དང་འཚམས་པའི་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་དང་ཁ་གསབ་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས། གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་བྱེད་རྩིས་ཡོད་པའི་ནང་། ཆ་ཚང་ཉེན་ལྡན(རིམ་པ་ང་པ)ཡིན་པ་རྣམས་རྩ་དོན་ཐོག་བཤིག་སྟེ་བསྐྱར་སྐྲུན་བྱེད་དགོས་པ་དང་། ཆ་ཤས་ཉེན་ལྡན(རིམ་པ་ག་པ)ཡིན་པ་རྣམས་བཟོ་བཅོས་དང་སྲ་བརྟན་དུ་གཏོང་དགོས། ཉེན་ཁང་སྒྱུར་བཀོད་བྱེད་རྒྱུ་དེ་ཞིང་དུད་རང་ཉིད་ཀྱིས་སྐྲུན་རྒྱུ་གཙོ་བོ་དང་ཁ་འགྲེམས་དང་དུད་ཚང་ཁག་བགོས་ཀྱིས་སྒྱུར་བཀོད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ལས་ཉེན་་ཁང་སྒྱུར་བཀོད་ཀྱི་མིང་ཐོག་ནས་གྲོང་ཚོ་ཆ་ཚང་གནས་སྤོ་ཟླ་འགྲིལ་གཏོང་མི་ཆོག གཞན་ཡང་། འཛུགས་སྐྲུན་ཚད་གཞི་ལག་བསྟར་ནན་ཏན་བྱེད་དགོས། རྩ་དོན་ཐོག་སྒྱུར་བཀོད་བྱས་རྗེས་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་དེ་མི་རེར་ཆ་སྙོམས་སྨི་ངོས་གྲུ13ཡན་ཟིན་དགོས་པ་དང་དུད་ཚང་རེའི་ཆ་སྙོམས་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་60ནང་ཚུན་དུ་ཚོད་འཛིན་བྱེད་དགོས། ཁྱིམ་ཚང་གི་མི་གྲངས་ལ་གཞིགས་ནས་ལེགས་སྒྲིག་འོས་འཚམས་བྱེད་ཆོག་ཀྱང་མི་3ཡན་གྱི་ཞིང་དུད་ཀྱི་མི་རེའི་འཛུགས་སྐྲུན་རྒྱ་ཁྱོན་དེ་སྨི་ངོས་གྲུ་18ལས་འགལ་མི་ཆོག་ཅེས་བཤད་པ་རེད།

    (བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། པ་ཚེ་དང་བསྟན་བློས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག