མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་དབྱི་ཐ་ལིའི་ཙུང་ལི་ལུང་ཆི་རྣམ་གཉིས་ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་བཙུགས་པའི་ཚོགས་ཆེན་དང་ཀྲུང་གོ་དང་དབྱི་ཐ་ལིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-14 12:53

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་དབྱི་ཐ་ལིའི་ཙུང་ལི་ལུང་ཆི་རྣམ་གཉིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་དབྱི་ཐ་ལིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་འཛུགས་པའི་ཚོགས་ཆེན་དང་ཀྲུང་གོ་དང་དབྱི་ཐ་ལིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

    ལིས་ཁི་ཆང་གིས་ཤིས་ཚིག་འབུལ་སྐབས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་བབ་བསྟུན་མདུན་སྐྱོད་དང་ཕྱོགས་གཉིས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་ལས་བྱེད་ས་བཟང་བོ་གསར་སྐྲུན་བྱེད་པ་དང་འཕར་ས་གསར་བ་གསོ་སྐྱོང་བྱེད་དགོས་ལ། མཉམ་དུ་ཕྱོགས་གསུམ་པའི་ཚོང་ར་གསར་གཏོད་བྱས་ནས་མཉམ་ལས་ཕྱོགས་སུ་ཉམས་དགའ་བའི་གྲུབ་འབྲས་ལེན་དགོས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཕྱོགས་གཉིས་ཀྱི་ཁེ་ལས་ལ་སྔར་ལས་དྲང་བདེན་དང་བརྟན་འཇགས་ཡིན་པའི་ཚོང་གཉེར་ཁོར་ཡུག་སྐྲུན་ནས་གཉིས་ཕན་མཉམ་ལས་སྔར་ལས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

    ལུང་ཆི་ཡིས་བཤད་རྒྱུར། དབྱི་ཐ་ལི་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བརྩོན་ལེན་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལས་རིགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཁ་གསབ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག