མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་ལ་མཇལ་འཕྲད་གནང་།

རྩོམ་པ་པོ། དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-14 12:53

6月13日,中国和刚果共和国建交50周年庆祝招待会在北京钓鱼台国宾馆举行。全国人大常委会委员长张德江和刚果共和国总统萨苏

    ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་གསུམ་ཉིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་ལ་མཇལ་འཕྲད་གནང་། ཀྲང་ཏི་ཅང་གིས་བཤད་རྒྱུར། སྐུ་ཞབས་ཙུང་ཐུང་ལགས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་པ་དང་ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱས་པ་དེས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ལྷག་པའི་སྒོ་ནས་གཏིང་ཟབ་ཏུ་སྤེལ་བར་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གོ་སྐབས་དེ་མགོ་རྩོམ་ས་གསར་བར་བརྩིས་ཏེ། ཁྱོན་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ལྟ་ཚུལ་གལ་ཆེན་ལག་བསྟར་དངོས་འབེབ་བྱེད་པ་དང་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་བ། ཧུར་ཐག་སྒོས་ཕྱོགས་གཉིས་བར་གྱི་གཉིས་ཕན་མཉམ་ལས་ཀྱི་ལས་གཞི་སྣ་ཚོགས་ལག་བསྟར་དངོས་འབེབ་བྱས་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མཛའ་མཐུན་དང་མཉམ་ལས་ཀྱི་གྲུབ་འབྲས་མང་པོ་ལོངས་སུ་སྤྱོད་དུ་འཇོག་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཁོང་གོ་གྲོས་ཚོགས་གཉིས་ཀྱིས་རང་སོ་སོའི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་ལ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་འཐུས་ཚང་དུ་གཏོང་བ། རྒྱལ་སྐྱོང་སྲིད་འཛིན་གྱི་མཉམ་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་ཁོང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་སྟོབས་ཤུགས་མང་པོ་གཅིག་ཏུ་བསྡུས་ནས་རྒྱལ་ཁབ་གཉིས་ཀྱི་མཐུན་སྒྲོལ་རོགས་ལས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

    ས་སུའུ་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཁོང་གོ་རྒྱལ་ཁབ་ཀྱི་བློས་ཐུབ་གྲོགས་པོ་ཡིན་ལ། ཁོང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་མཉམ་དུ་ཁྱོན་ཡོངས་ནས་མཉམ་ལས་བྱེད་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག