མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཆི་པའོ་ཡིས་རིག་གནས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་བརྒྱུད་སྤེལ་དང་སྐྱེད་སྲིང་བྱེད་དགོས་ཞེས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-14 12:53

    ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཡིས་འོད་ཟེར་ཉིན་རེའི་ཚགས་པར་ཁང་གི་བྱ་བར་རྟོག་ཞིབ་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་ཡིས་འོད་ཟེར་ཉིན་རེའི་ཚགས་པར་ཁང་གི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ཁོས་ཡང་དག་པའི་དྲིལ་སྒྲོག་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཐུན་སྒྲིལ་དང་བརྟན་འཇགས། དྲང་ཕྱོགས་ཀྱི་དྲིལ་སྒྲོག་བྱ་བ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། རིག་གནས་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། རིག་གནས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ལྟ་བ་བརྒྱུད་སྤེལ་དང་སྐྱེད་སྲིང་བྱས་ཏེ། ཡང་དག་པའི་བསམ་བློ་གླེང་ཕྱོགས་ཀྱི་ནུས་པ་གལ་ཆེན་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་བསྟན།

    ལིག་ཆི་པའོ་ཡིས་བཤད་རྒྱུར། འོད་ཟེར་ཉིན་རེའི་ཚགས་པར་ཀྱི་ཁྱད་ཆོས་ནི་རིག་གནས་ཡིན་པ་དང་། ཁྱད་སྟོབས་དེ་ཡང་རིག་གནས་ཡིན་པས། རིག་གནས་ཀྱི་ནང་དོན་གཙོ་བོར་འཛིན་པ་དང་། སྔོན་སྔོན་རིག་གནས་དར་སྤེལ་བྱས་ནས། ཚན་རིག་གི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། ཚན་རིག་གི་བམས་བློ་རྒྱུད་སྒྲོག་བྱས་ནས། བསམ་བློའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། མི་གཞུང་རིན་ཐང་དང་ཚན་རིག་གི་བྱང་ཚད་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། སྒོ་ཕྱེས་ནས་ཚགས་པར་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གིས་གསར་འགྱུར་ལས་ཁུངས་ལ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ལ། སྤྱི་ཚོགས་ཀྱི་ཆེད་མཁས་པ་དང་རིག་གནས་པ་སོགས་ཕྱོགས་སོ་སོའི་བློ་གྲོས་ཧུར་ཐག་སྒོས་བསྡུ་ལེན་བྱས་ནས། འོད་ཟེར་ཉིན་རེའི་ཚགས་པར་དེ་སྔར་ལས་བཟང་བོར་སྒྲུབ་དགོས་ཟེར།

    རྟོག་ཞིབ་བྱེད་སྐབས། ལིག་ཆི་པའོ་ཡིས་འོད་ཟེར་ཉིན་རེའི་ཚགས་པར་ཁང་གི་ལོ་རྒྱུས་འགྲེམ་སྟོན་ལ་བལྟས་པ་དང་། འོད་ཟེར་དྲ་རྒྱ་སོགས་ལས་ཁུངས་ལ་རྟོག་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་ནས། འོད་ཟེར་ཉིན་རེའི་ཚགས་པར་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག