མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསམ་འཆར་བཏོན་ནས་ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་བྱ་རྒྱུའི་ཐད་ཁྲིམས་འཛིན་འགན་སྲུང་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-13 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲིམས་འཛིན་འདྲི་གཅོད་ལས་དོན་གྱི་གལ་ཆེའི་འགན་ནུས་ནུས་པ་འདོན་སྤེལ་དེ་བས་ཡག་པ་བྱ་རྒྱུ་དང་། ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་ལས་དོན་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉིན་ཤས་གོང་མི་དམངས་ཁྲིམས་ཁང་གིས་ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་བྱ་རྒྱུར་ཁྲིམས་འཛིན་འགན་སྲུང་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་སྤེལ་ཡོད་པ་རེད། བསམ་འཆར་ནང་། ཁྲིམས་ཁང་གིས་ཁྲིམས་ལྟར་དུས་ཐོག་ཏུ་འབྲེལ་ཡོད་ཟླ་སྒྲིལ་བསྐྱར་སྒྲིག་གི་གྱོད་གཞི་བདག་སྤྲོད་དང་འདྲི་གཅོད་བྱེད་དགོས་པ་དང་། ཁྲིམས་འཛིན་འདྲི་གཅོད་བྱས་པ་བརྒྱུད་ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་བྱེད་པའི་ནང་གི་རིགས་ཁག་གི་འགལ་ཟླ་སེལ་དགོས་པ། ཁྲིམས་གཏན་འཁེལ་བའི་རྒྱུ་རྐྱེན་མེད་ན་བདག་སྤྲོད་དང་ལེན་མི་བྱེད་པ་བྱེད་མི་རུང་བ་དང་འདྲི་གཅོད་བྱེད་པའི་དུས་ཚོད་ནར་འགྱངས་གཏོང་མི་རུང་བ། ཁྲིམས་ཁང་གིས་ཁེ་ཕན་དོ་སྙོམས་རྩ་དོན་ལ་གཞིགས་ནས་ཁྲིམས་ལྟར་རིགས་ཁག་གི་ཁེ་ཕན་གདོང་གཏུག་ཐག་གཅོད་འོས་འཚམ་བྱེད་དགོས་པ་བཅས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག