མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་ཏེན་མག་གི་དབུ་བཞུགས་བློན་ཆེན་ཐོ་ཉིན་ཧྲི་མུས་ཐི་དང་གྲོས་དཔོན་ལོས་ཁི་ཐོ་ཧྥུའུ་ཐི། ཀོང་ཇོ་ནེ་ཏེ་ཁི་ཐི། དཔལ་འབྱོར་ནང་སྲིད་བློན་ཆེན་བེ་སི་ཐ་ཀི་བཅས་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 11:02

刘云山对丹麦进行正式访问 1.jpg

  ཟླ་དྲུག་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ལིག་ཡུན་ཧྲན་གྱིས་ཀི་པིན་ཧ་ཀུན་ནས་ཏེན་མག་གི་དབུ་བཞུགས་བློན་ཆེན་ཐོ་ཉིན་ཧྲི་མུས་ཐི་ལ་མཇལ་འཕྲད་གནང་།

刘云山对丹麦进行正式访问2.jpg

 ཟླ་དྲུག་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ལིག་ཡུན་ཧྲན་གྱིས་ཀི་པིན་ཧ་ཀུན་ནས་ཏེན་མག་གི་གྲོས་དཔོན་ལོས་ཁི་ཐོ་ཧྥུའུ་ཐི་ལ་མཇལ་འཕྲད་གནང་།

刘云山对丹麦进行正式访问 3.jpg

  ཟླ་དྲུག་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ལིག་ཡུན་ཧྲན་གྱིས་ཀི་པིན་ཧ་ཀུན་ནས་ཏེན་མག་གི་དཔལ་འབྱོར་ནང་སྲིད་བློན་ཆེན་བེ་སི་ཐ་ཀི་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏེན་མག་སྲིད་གཞུང་གི་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཏེན་མག་ལ་དངོས་གཞིའི་འཚམས་འདྲི་མཛད། ལིག་ཡུན་ཧྲན་གྱིས་ཀི་པིན་ཧ་ཀུན་ནས་ཏེན་མག་གི་དབུ་བཞུགས་བློན་ཆེན་ཐོ་ཉིན་ཧྲི་མུས་ཐི་དང་གྲོས་དཔོན་ལོས་ཁི་ཐོ་ཧྥུའུ་ཐི། ཀོང་ཇོ་ནེ་ཏེ་ཁི་ཐི། དཔལ་འབྱོར་ནང་སྲིད་བློན་ཆེན་བེ་སི་ཐ་ཀི་བཅས་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་ཏང་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཡོ་རོབ་གླིང་ལ་འཛིན་པའི་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཏེ། ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། མཐུན་སྒྲིལ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་དགོས། ཏེན་མག་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས། ཏེན་མག་ཕྱོགས་ཀྱིས་སྔོན་ཆད་དང་འདྲ་བར་ཀྲུང་གོ་དང་ཡོ་རོབ་གླིང་གིས་དངུལ་གཏོང་གྲོས་མཐུན་འགོད་པའི་གྲོས་མོལ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་རང་མོས་ཉོ་ཚོང་ས་ཁུལ་གྱི་ལག་བསྟར་ཞིབ་འཇུག་སོགས་ཀྱི་ཕྱོགས་སུ་ནུས་པ་ཆེན་པོ་བཏོན་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

  ཐོ་ཉིན་ཧྲི་མུས་ཐི་ཡིས་བཤད་རྒྱུར། ཏེན་མག་སྲིད་གཞུང་གིས་ཀྲུང་གོའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པར་མཐོང་ཆེན་བྱེད་ཀྱིན་ཡོད། ཏེན་མག་ཕྱོགས་ཀྱིས་རིག་གནས་བརྗེ་རེས་དང་སྨྱན་བྱད་མཉམ་ལས་སོགས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་པར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།

  ལོས་ཀི་ཐོ་ཧྥུའུ་ཐི་ཡིས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཏེན་མག་གི་ཁེ་ལས་ལས་རིགས་ཀྱིས་ཀྲུང་གོ་ནས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་བྱེད་པར་གོ་སྐབས་གང་མང་སྐྲུན་པ་དང་། བདག་གིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་དང་སྲིད་ཏང་གིས་བརྗེ་རེས་དང་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

  པེ་ནེ་ཏེ་ཁི་ཐི་ཡིས་ལིག་ཡུན་ཧྲན་ཏེན་མག་ལ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། ཏེན་མག་གི་རྒྱལ་བོའི་ཕོ་བྲང་གིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

  བེ་སི་ཐ་ཀི་ཡིས་བཤད་རྒྱུར། ཏེན་མག་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་ཐུན་མོང་གི་འགྲན་རྩོད་སྣ་ཚོགས་ལ་ཐུག་པས། བརྗེ་རེས་ལ་ཤུགས་སྣོན་ཞིང་ཉམས་མྱོང་ལོངས་སུ་སྤྱོད་པ་དང་། དངོས་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ནུས་ལྡན་བྱེད་ཐབས་སྤྱད་དེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག