མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 11:02

俞正声主持召开全国政协双周协商座谈会.jpg

  རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གཞི་གྲངས་ཆེན་པོའི་ལག་རྩལ་ལ་བརྟེན་ནས་སྲིད་གཞུང་གི་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏོང་བའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

  བཞུགས་མོལ་ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིས་ཞིན་དང་ལིས་ཡུས་ཀོང་། གོ་ཝེ་སོགས་ཆེད་མཁས་པས་སྲིད་གཞུང་གིས་གཞི་གྲངས་ཆེན་པོའི་ལག་རྩལ་བཀོལ་སྤྱོད་དང་ཁྱབ་གདལ་དུ་གཏོང་བར་ཅི་ལྟར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་གྲངས་བཅའ་ཁྲིམས་མ་ལག་འཛུགས་པ། གཞི་གྲངས་ཆེན་པོར་བརྟེན་ནས་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གཏན་འཁེལ་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན། ཡུས་ཀྲིན་ཧྲིན་གྱིས་ཨུ་ཡོན་རྣམས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་སྒོས་ཉན་པར་མ་ཟད་ཚང་མ་དང་མཉམ་དུ་གྲོས་མོལ་དང་བརྗེ་རེས་བྱས།

  རྒྱལ་ཁབ་དྲ་འབྲེལ་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལུའུ་ཝེ་ཡིས་རང་རྒྱལ་གྱིས་གཞི་གྲངས་ཆེན་པོ་སོགས་དེང་རབས་ལག་རྩལ་བཀོལ་སྤྱོད་བྱེད་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི་འགན་འཁུར་བ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཨུ་ཡོན་རྣམས་དང་མཉམ་དུ་གྲོས་མོལ་དང་བརྗེ་རེས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག