མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དབྱི་ཐ་ལིའི་ཙུང་ལི་ལུང་ཆི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 11:32

习近平会见意大利总理伦齐.jpg

  ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ལི་ལུང་ཆི་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཅིག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ལི་ལུང་ཆི་ལ་མཇལ་འཕྲད་གནང་།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ནི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཞིག་ཡིན། ད་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་ལ། སང་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པའི་ལོ་ཡང་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་མགོ་ཚུགས་ས་གསར་བ་ཞིག་ཏུ་བསླེབས་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དམ་དུ་གཏོང་བ་དང་། མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

  ལུང་ཆི་ཡིས་བཤད་རྒྱུར། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ཏེ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ་གསར་བསྐྲུན། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ལ། སྔར་ལས་མང་པོའི་ནུས་ལྡན་བྱེད་ཐབས་སྤྱད་དེ། རྒྱལ་ཁབ་གཉིས་ཀྱི་མི་སྣའི་བར་གྱི་འགྲོ་འོང་ཐད་ལ་སྟབས་བདེ་བསྐྲུན་པ་དང་། ཁྱད་པར་དུ་ན་གཞོན་སློབ་མའི་བར་གྱི་འགྲོ་འོང་ལ་སྟབས་བདེ་བསྐྲུན་རྒྱུ་རེད། དབྱི་ཐ་ལི་ཕྱོགས་ཀྱིས་སྔར་ལྟར་ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་དང་ཕན་ཚུན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་རྒྱུ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག