མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་པ་དང་། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་འཚོར་སྟབས་བདེ་བསྐྲུན་པ་བཅས་ཀྱི་རེ་བ་ལྟར། གནས་གཏན་འཁེལ་བྱས་ནས་སྙོམས་སྒྲིག་དང་ཚོད་འཛིན་བྱེད་པ་དང་། རྩ་ལག་མཉམ་བཅོས་བྱེད་རྒྱུ་གཙིགས་འཛིན་བྱེད་པ། དཔལ་འབྱོར་ལེགས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། ཕྱོགས་བསྡུས་དང་ཕན་ཚུན་འབྲེལ་འདྲིས་བྱེད་པའི་འགྲིམ་འགྲུལ་ས་ཁུལ་དང་འབྲི་ཆུ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་པར་མ་ཟད། དངོས་སྐྱེལ་ལས་རིགས་འཕེལ་རྒྱས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་སྟེ། རིན་འཕར་དཔྱ་ཁྲལ་གྱི་དམིགས་བསལ་གྱི་སྤྱིར་བཏང་གི་དཔྱ་ཁྲལ་སྤྲོད་མཁན་གྱི་དཔྱ་ཁྲལ་སྤྲོད་ཚད་སྟབས་བདེ་ཅན་དུ་བཏང་སྟེ། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུའི་ཐག་བཅད།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འབྲི་ཆུ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ་དེས་ཆུ་ཐོག་གི་སྐྱེལ་འདྲེན་ནུས་པ་ཆེ་ཞིང་མ་རྩ་ཉུང་བ། ནུས་ཁུངས་གྲོན་ཆུང་བྱེད་ཐུབ་པ་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱས་ནས། ཕྱོགས་བསྡུས་དང་ཕན་ཚུན་འབྲེལ་འདྲིས་བྱེད་པའི་འགྲིམ་འགྲུལ་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དམ་འཛིན་བྱེད་དགོས། གཅིག་ནི་སྐྱེལ་འདྲེན་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱས་ནས། འབྲི་ཆུའི་ཆུ་ལམ་གྱི་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས། གཉིས་ནི་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལྕགས་ལམ་དང་གཞུང་ལམ། མཁའ་འགྲུལ་བཅས་ཀྱི་སྐྱེལ་འདྲེན་དྲ་རྒྱ་མྱུར་དུ་འཛུགས་སྐྲུན་བྱས་ནས། སྐྱེལ་འདྲེན་བྱེད་ཐབས་སྣ་ཚོགས་གྲུ་ཁ་དང་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་དགོས། གསུམ་ནི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་པའི་གྲུ་གཟིངས་ཚོད་བཟོ་བྱེད་པ་དང་ཁྱབ་གདལ་དུ་གཏོང་དགོས།

གྲོས་ཚོགས་སྟེང་འཕེལ་རྒྱས་དང་ཁོར་ཡུག་གཉིས་ཟུང་འབྲེལ་བྱེད་རྒྱུར་ཧ་ཅང་མཐོང་ཆེན་བྱས་ཏེ། ཕྱོགས་བསྡུས་དང་ཕན་ཚུན་འབྲེལ་འདྲིས་བྱེད་པའི་འགྲིམ་འགྲུལ་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད། ངེས་པར་དུ་འབྲི་ཆུའི་སྐྱེ་དངོས་ཁོར་ཡུག་ལ་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་དངོས་སྐྱེལ་ལས་རིགས་འཕེལ་རྒྱས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག