མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་དབྱི་ཐ་ལིའི་ཙུང་ལི་ལུང་ཆིས་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 11:32

李克强同意大利总理伦齐举行会谈.jpg

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ལི་ལུང་ཆིས་དང་གྲོས་མོལ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ལི་ལུང་ཆིས་དང་གྲོས་མོལ་མཛད།

  གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་ལོན་པ་མགོ་ཚུགས་ས་གསར་བ་བྱས་ཏེ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ཅིང་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ནས། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

  ལིས་ཁི་ཆང་གིས་གསུངས་རྒྱུར། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བརྩོན་ལེན་བྱེད་དགོས་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གིས་མྱུར་དུ་མ་དངུལ་བཏང་ནས་གྲོས་མཐུན་འགོད་པའི་གྲོས་མོལ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་རང་མོས་ཉོ་ཚོང་ས་ཁུལ་ལས་མགོ་རྩོམ་པའི་ལག་བསྟར་ཞིབ་འཇུག་སྐུལ་འདེད་གཏོང་དགོས་ལ། ཚན་རྩལ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མཁའ་སྐྱོད་མཁའ་འགྲུལ། རྣམ་པ་གསར་བའི་མཁར་གྲོང་ཅན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་ཆེན་པོ་སྐོར་ཞིག་ལག་བསྟར་བྱེད་དགོས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཟེར།

  ལུང་ཆིས་ཀྱིས་བཤད་རྒྱུར། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ་དང་ཀྲུང་གོའི་ཁེ་ལས་མང་པོ་དབྱི་ཐ་ལི་ལ་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བར་མ་ཟད་ཀྲུང་གོའི་ཁེ་ལས་ལ་སྟབས་བདེ་གང་ལེགས་སྐྲུན་ངེས་ཡིན། དབྱི་ཐ་ལི་ཕྱོགས་ཀྱིས་མུ་མཐུད་དུ་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་ངེས་ཡིན་ཟེར།

  གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། མཁའ་སྐྱོད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་བཀོད་པ་བདེན་དཔང་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག