མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་དབྱི་ཐ་ལིའི་ཙུང་ལི་ལུང་ཆིས་རྣམ་གཉིས་ཀྱིས་གསར་འགོད་པར་ཐུག་འཕྲད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་དབྱི་ཐ་ལིའི་ཙུང་ལི་ལུང་ཆིས་རྣམ་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགོད་པར་ཐུག་འཕྲད་བྱས།

ཐུག་འཕྲད་བྱེད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་འཛམ་གླིང་ཡོངས་ལའང་ཕན་པ་ཡོད། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཀྲུང་གོ་དང་དབྱི་ཐ་ལིའི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་པའི་སྐོར་གྱི་ལོ་གསུམ་གྱི་ལག་བསྟར་འཆར་གཞི་གསར་བ་འགྲེམ་སྤེལ་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕྱོགས་ཡོངས་ནས་འཆར་འགོད་དང་མཛུབ་སྟོན་བྱས་པ་དང་། དེས་རྒྱལ་ཁབ་རང་རང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ངེས་ཡིན་ཟེར།

ལུང་ཆིས་ཀྱིས་བཤད་རྒྱུར། དབྱི་ཐ་ལི་ཕྱོགས་ཀྱིས་དབྱི་ཐ་ལི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ལོ་བཅུའི་རིང་ལ་འཕེལ་རྒྱས་བཟང་བོ་བྱུང་བར་གདེང་འཇོག་ཆེན་མོ་གནང་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་མཉམ་ལས་སྐོར་གྱི་ལོ་གསུམ་གྱི་འཆར་གཞི་དངོས་འབེབས་བཟང་བོ་བྱས་ནས། དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག