མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་དབྱི་ཐ་ལིའི་ཙུང་ལིས་ལུང་ཆིས་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 11:32

张德江会见意大利总理伦齐.jpg

  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ལིས་ལུང་ཆིས་ལ་མཇལ་འཕྲད་གནང་། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ལིས་ལུང་ཆིས་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་ལ། ཙུང་ལི་ལུང་ཆིས་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བ་དེས་ཀྲུང་གོ་དང་དབྱི་ཐ་ལི་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་རྒྱ་བསྐྱེད་པར་སྔར་ལས་སྐུལ་འདེད་བཏང་ནས། ཀྲུང་གོ་དང་དབྱི་ཐ་ལི་བར་གྱི་འབྲེལ་བ་དེ་མགོ་ཚུགས་ས་གསར་བ་ནས་སྔར་ལས་འཕེལ་རྒྱས་སུ་འགྲོ་ངེས་ཡིན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ད་ཡོད་ཀྱི་མཉམ་ལས་རྨང་གཞི་བརྟན་པོའི་སྟེང་དུ་མུ་མཐུད་ནས་དབྱི་ཐ་ལིའི་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། དུས་བཅད་ཀྱི་བརྗེ་རེས་ནང་རྐྱེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མཉམ་དུ་བཅོས་སྒྱུར་འཕེལ་རྒྱས་དང་རྒྱལ་སྐྱོང་སྲིད་འཛིན་སོགས་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་ལ་དམིགས་ནས། ཀྲུང་གོ་དང་དབྱི་ཐ་ལིའི་སྤྱི་ཚོགས་དང་དམངས་དོན་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་བྱས་རྗེས་འཇོག་འདོད་ཡོད་ཟེར།

  ལུང་ཆིས་ཀྱིས་བཤད་རྒྱུར། དབྱི་ཐ་ལིའི་མི་དམངས་ཀྱིས་ཀྲུང་གོར་ཧ་ཅང་ཡིད་སྨོན་བྱེད་ཀྱིན་ཡོད། དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་བཟང་བ་དང་དབྱི་ཐ་ལི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག