མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སྐྱེད་སྲིང་བྱེད་པའི་བྱ་བའི་སྒྲིིག་སྲོལ་ཞིབ་ཕྲ»ཞེས་པ་དཔར་ནས་བཀྲམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས«ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སྐྱེད་སྲིང་བྱེད་པའི་བྱ་བའི་སྒྲིིག་སྲོལ་ཞིབ་ཕྲ»ཞེས་པ་དཔར་ནས་བཀྲམས་པར་མ་ཟད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དེ་ལག་བསྟར་ནན་མོ་བྱེད་དགོས་པའི་བརྡ་ཐོ་བཏང་།

བརྡ་ཐོའི་ནང་བཀོད་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སྐྱེད་སྲིང་བྱ་བའི་སྒྲིིག་སྲོལ་ཞིབ་ཕྲའི་ནང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་མངོན་པར་མཚོན་ཡོད་ལ། ཏང་གིས་ཏང་ལ་དོ་དམ་ནན་མོ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་མངོན་པར་མཚོན་ཡོད་པར་མ་ཟད། ལག་ལེན་དང་འཚོལ་ཞིབ་བྱས་པའི་ཉམས་མྱོང་གསར་བ་མངོན་པར་མཚོན་ཡོད་པས། གནས་བབ་གསར་བའི་འོག་ཏང་ཡོན་སྐྱེད་སྲིང་བྱེད་པའི་བྱ་བའི་བརྩི་སྲུང་བྱེད་ས་གལ་ཆེན་ཞིག་རེད།

བརྡ་ཐོའི་ནང་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཡོན་གྱི་སྤྱིའི་གྲངས་ཚད་ཚོད་འཛིན་བྱེད་པ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། སྤུས་ཚད་མཐོར་འདེགས་སུ་གཏོང་བ། ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་རེ་བ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཚད་གཞི་རྒྱུན་འཁྱོངས་དང་གོ་རིམ་ནན་འཛིན། སྒྲིག་ཁྲིམས་གཟབ་ནན་བཅས་བྱེད་དགོས་པར་མ་ཟད། ཏང་ཡོན་སྐྱེད་སྲིང་བྱ་བ་མགོ་ཁྲིད་ཡོད་པ་དང་འཆར་གཞི་ལྡན་པའི་སྒོ་ནས་སྒྲུབ་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག