མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧྲན་ཤིས་ཀྱི་སློབ་ཆེན་སློབ་མས་ལས་གཏོད་བྱས་ཚེ་འབོར་ཉུང་ཁག་ཐེག་དངུལ་བུན་སྒོར་ཁྲི་10རེ་འདུན་ཞུས་ཆོག་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-12 11:31

    གསར་འགོད་པས་ཧྲན་ཤིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར།ཧྲན་ཤིས་ཀྱིས་ཉེ་དུས་བསྟུད་མར་ཡིག་ཆ་4བཏོན་ནས་ལས་ཞུགས་བརྟན་པོ་དང་ལས་གཏོད་ལ་སྐུལ་འདེད་བཏང་ཞིང་།དེའི་ཁྲོད་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་རྒྱུར་རོགས་སྐྱོར་བྱེད་པའི་རྣམ་གྲངས་དེ་ཁོ་ནས་ཁེ་ལས་ཀྱི་ཁུར་པོ་སྒོར་དུང་ཕྱུར་126ཡང་དུ་ཕྱིན་པ་དང་།སློབ་གྲྭ་ཐོན་ནས་ལོ་5སོང་བའི་ནང་ཚུན་གྱི་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་ལོ་འདི་གར་ཐོན་མཁན་སློབ་ཐོན་སློབ་མས་རང་བརྟེན་ལས་གཏོད་བྱས་ཚེ་འབོར་ཉུང་ཁག་ཐེག་དངུལ་བུན་མང་ཤོས་སྒོར་ཁྲི་10རེ་འདུན་ཞུས་ཆོག་གི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།ཧྲན་ཤིས་ཞིང་ཆེན་སྲིད་གཞུང་གཞུང་དོན་ཁང་གིས་ཉེ་དུས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་རོགས་སྐྱོར་དང་།ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་ངལ་རྩོལ་པ་ལས་ཀར་བསྡུ་རྒྱུར་ལྕག་སྐུལ།དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་ཞུགས་བརྟན་པོ་ཡོང་རྒྱུར་རོགས་རམ་སོགས་སྐོར་གྱི་འབྲེལ་ཡོད་ཡིག་ཆ་པར་འགྲེམས་བྱས་ཏེ་དཔལ་འབྱོར་ཆག་པའི་དབང་གིས་ལས་ཞུགས་ལ་གནོན་ཤུགས་འཕྲད་པར་ཁ་གཏད་ཧུར་ཐག་བཅག་ཡོད།ཧྲན་ཤིས་ཞིང་ཆེན་གྱི་རིམ་པ་དེ་གའི་ནོར་སྲིད་ཀྱིས་ན་ནིང་མ་དངུལ་སྣོན་འཕྲི་10%བྱས་པའི་གནས་ཚུལ་འོག་འདི་ལོ་སླར་ཡང་སྣོན་འཕྲི་བྱས་པའི་མ་དངུལ་10%ལྷག་ཙམ་ལས་ཞུགས་འགན་ལེན་བྱ་རྒྱུར་བཏང་བ་རེད།དེའི་ཁྲོད་ནས་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་ཞུགས་ལས་གནས་བརྟན་པོ་ཡོང་རྒྱུར་རོགས་རམ་བྱེད་པའི་རྣམ་གྲངས་དེ་ཁོ་ནས་ཁེ་ལས་ཀྱི་ཁུར་པོ་སྒོར་དུང་ཕྱུར་126ཡང་དུ་ཕྱིན་ཡོད།ཉེན་ཁ་འགོག་ནུས་ཞན་པ་དང་ཐོན་སྐྱེད་གཉེར་སྐྱོང་ཐད་གནས་སྐབས་དཀའ་ངལ་འཕྲད་པའི་ཁེ་ལས་ཀྱིས་སྤྱི་ཚོགས་འགན་སྲུང་གྲོན་དངུལ་འཇལ་རྒྱུ་ནར་འགྱངས་དང་གསོ་སྦྱོང་ཁ་གསབ་རོགས་དངུལ་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་མང་དག་ལོངས་སྤྱོད་བྱ་རྒྱུ་དང་སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་འཇལ་རྒྱུ་ནར་འགྱངས་བྱེད་རིང་འགན་བཅོལ་ནང་ཞུགས་པའི་ལས་བཟོར་ཤུགས་རྐྱེན་ཕོག་གི་མེད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག