མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་ལས་དོན་གྱི་ཞིབ་སྲོལ》པར་འགྲེམས་བྱས་པ།

ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དེ་ལྟར་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-12 10:48

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་ལས་དོན་གྱི་ཞིབ་སྲོལ》(གཤམ་དུ་བསྡུས་མིང་ལ《ཞིབ་སྲོལ》ཟེར)པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དེ་ལྟར་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བརྡ་ཐོའི་ནང་ཏང་ཡོན་ནི་ཏང་གི་གྲུབ་ཆ་གལ་ཆེན་དང་ཏང་གི་བྱེད་སྒོའི་གྲུབ་ཆ་གཙོ་བོ་ཡིན། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ནི་ཏང་འཛུགས་སྐྱོང་གི་རྒྱུན་གཏན་རང་བཞིན་གྱི་དོན་ཆེན་ཞིག་ཡིན། 1990ལོར་ཀྲུང་དབྱང་རྩ་འཛུགས་པུས་པར་འགྲེམས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་ལས་དོན་གྱི་ཞིབ་སྲོལ(ཚོད་ལྟ)》ནང་ཏང་ཡོན་འཕེལ་རྒྱས་ལས་དོན་ཚད་ལྡན་དུ་གཏོང་བ་དང་འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་སྤུས་ཚད་འགན་ལེན་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། དུས་བབ་དང་ལས་འགན་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་པ་དང་ཆབས་ཅིག་ཏང་ཡོན་འཕེལ་རྒྱས་ལས་དོན་ཐད་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་ཐོན་ནས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་ལས་དོན་གྱི་ཞིབ་སྲོལ(ཚོད་ལྟ)》དེ་ད་ལྟའི་ལས་དོན་གྱི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་མེད་ཅེས་བཏོན་ཡོད་པ་རེད།

    བརྡ་ཐོའི་ནང《ཞིབ་སྲོལ》དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་བཅས་ཀྱི་དགོངས་དོན་མཚོན་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་གི་བྱེད་ཕྱོགས་མཚོན་པ། ལག་ལེན་དངོས་ཀྱི་ཐོག་ནས་ཉམས་མྱོང་གསར་པ་འཚོལ་ཞིབ་བྱེད་པ་མཚོན་ཞིང་། དེ་ནི་དུས་བབ་གསར་པའི་འོག་ཏང་ཡོན་འཕེལ་རྒྱས་ལས་དོན་ཡག་པོ་སྒྲུབ་པའི་སྲུང་བྱ་གལ་ཆེན་ཞིག་ཡིན། 《ཞིབ་སྲོལ》ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་སྤུས་ཚད་འགན་ལེན་དང་གཞི་ཁྱོན་འོས་འཚམ་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ། སྒྲིག་ལམ་ནན་པ། ནུས་པ་འབུར་ཐོན་བཅས་ཀྱི་ཏང་ཡོན་དཔུང་ཁག་གཅིག་འཛུགས་སྐྱོང་བྱ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་ནན་བཤད་བྱས་པ་རེད།

    བརྡ་ཐོའི་ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གྲངས་འབོར་ཚོད་འཛིན་དང་། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་། ནུས་པ་འདོན་སྤེལ་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ཚད་གཞི་མཐའ་འཁྱོངས་དང་། གོ་རིམ་ནན་གཏོང་། སྒྲིག་ལམ་ནན་སྲུང་བཅས་བྱས་ནས་ཏང་ཡོན་འཕེལ་རྒྱས་ལས་དོན་ལ་འགོ་འཁྲིད་མཁན་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་བསྒྲུབ་རྒྱུའི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་གསལ་པོ་བཟོ་བ། 《ཞིབ་སྲོལ》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱས་ནས་ཏང་ཡོན་འཕེལ་རྒྱས་ལས་དོན་གྱི་ཚན་རིག་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག