མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱིས་གྲོ་མུའུ་དུང་ཕྱུར་གཉིས་དང་གྲངས་ཆུང་གཅིག་བརྔ་བསྡུ་བྱས་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-11 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་གྲོ་ས་ཁོངས་བརྒལ་ཏེ་འཕྲུལ་ཆས་ཀྱིས་བརྔ་བསྡུ་བྱེད་རྒྱུ་དེ་མིག་སྔར་ལྷོ་ཕྱོགས་ནས་བྱང་ཕྱོགས་བར་གོ་རིམ་ལྡན་པའི་སྒོ་ནས་བརྔ་བསྡུ་བྱེད་བཞིན་ཡོད་པ་དང་། དབྱར་བསྡུ་དབྱར་འདེབས་ཀྱི་མཐོ་རླབས་འཕྱུར་འགོ་ཚུགས་ཡོད། སྤྱི་ཟླ6པའི་ཚེས8ཉིན་བར་སླེབས་སྐབས་རྒྱལ་ཡོངས་ཀྱིས་གྲོ་མུའུ་དུང་ཕྱུར་གཉིས་དང་གྲངས་ཆུང་གཅིག་བརྔ་བསྡུ་བྱས་ཟིན་པ་དང་། བརྔ་བསྡུའི་མགྱོགས་ཚད་བཅུ་ཆ་དྲུག་ཙམ་ཟིན་ཡོད་པ་རེད།

ཞིང་ལས་པུས། རྒྱལ་ཡོངས་སུ་སྤྱི་ཚེས8ཉིན་གྲོ་བརྔ་བསྡུ་འཕྲུལ་ཆས་བཞི་འབུམ་བཞི་སྟོང་བཀོད་སྒྲིག་བྱས་པ་དང་། ཉིན་རེའི་གྲོ་བརྔ་བསྡུའི་གཞི་ཁྱོན་མུའུ་བྱེ་བ་གཅིག་དང་ལྔ་འབུམ་དྲུག་སྟོང་ཟིན་ཡོད། དེ་མིན། ད་ལོ་དགུན་གྲོ་འཕྲུལ་ཆས་ཀྱིས་བརྔ་བསྡུ་བྱེད་ཚད་བརྒྱ་ཆ92ལས་བརྒལ་བ་དང་། དབྱར་འདེབས་མ་རྨོས་ལོ་ཏོག་འཕྲུལ་ཆས་ཀྱིས་འདེབས་འཛུགས་བྱེད་ཚད་བརྒྱ་ཆ83ལས་བརྒལ་ཡོད་ལ། གཙོ་གནད་ས་ཁོངས་ཀྱི་འཕྲུལ་ཆས་སྤྲོད་མཁོ་དོ་མཉམ་བྱུང་བ་དང་། དབྱར་བསྡུ་དང་དབྱར་འདེབས་གོ་རིམ་ལྡན་པ་འགན་སྲུང་བྱས་ཏེ་ཞིང་ལས་འཐུས་ཤོར་མི་འགྲོ་བ་བྱས་ཡོད། མིག་སྔར་རྒྱལ་ཡོངས་སུ་ཞིང་ལས་འཕྲུལ་ཆས་ཁ་ལོ་བ་ས་ཡ་གཉིས་དང་། ས་ཁོངས་བརྒལ་ཏེ་ལོ་ཏོག་བརྔ་བསྡུ་བྱེད་མཁན་ཆིག་ཁྲི་ལྷག་ཙམ་གྱིས་དབྱར་བསྡུའི་འཐབ་ཕྱོགས་དང་པོར་ལོ་ཏོག་བརྔ་བསྡུ་བྱེད་བཞིན་ཡོད་པ་དང་། ཁྲེ་ཡུའུ་སྣུམ་མཁོ་འདོན་འདང་ངེས་བྱུང་བ་དང་། གྲོ་བརྔ་བསྡུའི་ལས་དོན་གྱི་འཕེལ་རིམ་ཡག་པོ་བྱུང་ཡོད་ཅེས་བཤད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག