མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཅིག་བདག་ཁེ་དབང་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-11 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཅིག་བདག་ཁེ་དབང་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ཚེས10ཉིན་སྐོང་འཚོགས་བྱས་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁྲེན་ཁྲང་ཀྲེ་དང་ཇི་པིང་ཤོན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། ད་ལོའི་སྤྱི་ཟླ་བཞི་པ་ནས་ལྔ་པའི་བར་གཅིག་བདག་ཁེ་དབང་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་ཁག་སོ་སོར་ལེའོ་ཉིང་དང་ཀྲེ་ཅང་། ཀོང་ཏུང་། ཧྲེའན་ཤི། ཨན་ཧུའེ་བཅས་སུ་ཞིབ་བཤེར་བྱེད་པར་སྐྱོད་པ་མ་ཟད་ཐན་ཅིན་དང་ཧེ་ལུང་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ལ་རང་བཤེར་བྱེད་རྒྱུའི་མངག་བཅོལ་བྱས་པ་དང་གཙོ་གནད་དུ་གཅིག་བདག་ཁེ་དབང་རེ་ཞུ་དང་བེད་སྤྱོད། སྲུང་སྐྱོབ་བྱེད་ཚུལ་བཅས་ལ་ཞིབ་བཤེར་བྱས་པ་རེད། ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་ཞིབ་བཤེར་གནས་ཚུལ་ལ་ཞིབ་འཇུག་ནན་ཏན་བྱས་པའི་རྨང་གཞིའི་ཐོག་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་མ་ཟིན་བྲིས་པ་རེད། སྙན་ཞུའི་མ་ཟིན་ནང་གཅིག་བདག་ཁེ་དབང་བཅའ་ཁྲིམས་ལག་བསྟར་བྱས་པར་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་པ་མ་ཟད་དངོས་ཐོག་བདེན་འཚོལ་སྒོ་ནས་ལྷག་པའི་གནད་དོན་བཏོན་པ་དང་དམིགས་ས་ཡོད་པའི་སྒོ་ནས་གཅིག་བདག་ཁེ་དབང་བཅའ་ཁྲིམས་ལག་བསྟར་སྔར་ལས་ལྷག་པ་བྱེད་རྒྱུའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད།

གྲོས་ཚོགས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཅིག་བདག་ཁེ་དབང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་མ་ཟིན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་ཉན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག