མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2014ལོའི་རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-11 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་གཞུང་ལས་ཁང་དང་ཞིང་ལས་པུའུ། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག17གྱིས་སྤྱི་ཚེས10ཉིན་མཉམ་འབྲེལ་ཐོག་སྤྱི་ལོ2014ལོའི་རྒྱལ་ཡོངས་ཟས་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་སྤེལ་འགོ་ཚུགས་པ་རེད།

སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་གཞུང་ལས་ཁང་གི་ཀྲུའུ་རིན། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགོ་འཛིན་ཀྲང་ཡུང་གིས། ཟས་རིགས་བདེ་འཇགས་ནི་ཐོན་སྐྱེད་བྱེད་པ་ནས་ཡོང་གི་ཡོད་ལ་དོ་དམ་བྱས་ནས་ཡོང་གི་ཡོད་པས་གོམ་སྟབས་རྗེས་མར་རང་རྒྱལ་གྱི་ད་དུང་ཟས་རིགས་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་དོ་ནན་ཤོས་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་སྐུལ་དོ་དམ་ལམ་ལུགས་བཙུགས་ནས་ཐོན་སྐྱེད་ཁེ་གཉེར་ལ་བྱ་སྤྱོད་ཚད་ལྡན་བཟོ་བ་དང་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཁྲིམས་འཛིན་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཐོག་ལས་དོན་ཁག་ལ་གཞི་འཛིན་པའི་སྒྲིག་སྲོལ་ཡོད་པ་བྱེད་པ་དང་ཟས་རིགས་ལས་རིགས་ཀྱི་ཁ་དན་ཚིག་གནས་མ་ལག་འཛུགས་རྒྱུ་མགྱོགས་སུ་གཏོང་བ། ཁ་དན་ཚིག་གནས་ཀྱི་ཆ་འཕྲིན་མཉམ་སྤྱོད་སྒྲིག་གཞི་དང་ཡིད་ཆེས་མེད་པར་གྱུར་བའི་མཉམ་འབྲེལ་ཉེས་ཆས་གཏོང་བའི་སྒྲིག་གཞི་འཐུས་སྒོ་ཚང ་དུ་གཏོང་དགོས་ཀྱི་ཡོད་ཅེས་གསུངས་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག