མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་བྷང་ག་ལའི་ཙུང་ལི་ཧཱ་ཞི་ན་དང་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-11 10:34

ཚེས་བཅུའི་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལའི་ཙུང་ལི་ཧཱ་ཞི་ན་དང་མཇལ་འཕྲད་གནང་།
ཚེས་བཅུའི་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལའི་ཙུང་ལི་ཧཱ་ཞི་ན་དང་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བཅུའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལའི་ཙུང་ལི་ཧཱ་ཞི་ན་དང་མཇལ་འཕྲད་གནང་། ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་དང་བྷང་ག་ལའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་དང་མིག་སྔར་གྱི་འཕེལ་རྒྱས་གནས་བབ་ལ་གདེང་འཇོག་ཚད་མཐོན་པོ་གནང་། ཁོས་བཤད་རྒྱུར། ཀྲུང་གོས་བྷང་ག་ལ་རྒྱལ་ཁབ་དེ་ཨེ་ཤ་ཡའི་ལྷོ་ཕྱོགས་རྒྱལ་ཁབ་དང་ཧིན་རྡུ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། བྷང་ག་ལ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉེ་བའི་ལོ་འདི་འགའི་རིང་ལ་བསྟུད་མར་ཅུང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་རང་སོ་སོའི་འཕེལ་རྒྱས་འཐབ་ཇུས་མཉམ་ལས་བྱེད་པ་དང་རང་སོ་སོའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་ཕྱུག་པོར་འགྱུར་བའི་ཐུན་མོང་གི་ཕུགས་འདུན་མངོན་འགྱུར་བྱེད་པར་རེ་བ་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ཏུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དེ་བྱེ་བྲག་གི་མཉམ་ལས་སུ་བསྒྱུར་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་པོའི་ཁེ་ཕན་བསྐྲུན་ཏེ། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་དང་ཨེ་ཤ་ཡ་ལྷོ་མ་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་དེ་ཆུ་ཚད་སྔར་ལས་མཐོ་རུ་འདེགས་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་བྷང་ག་ལའི་བར་གྱི་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་མཉམ་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་རིག་གནས་ལས་རིགས་དང་ཚོང་ལས་ལས་རིགས། ས་གནས་དང་མི་གཞུང་བརྗེ་རེས་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་དང་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཧཱ་ཞི་ན་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་བྷང་ག་ལར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་མཉམ་དུ་ཕྱོགས་སོ་སོའི་ཁྱབ་ཁོངས་ཀྱི་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག