མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ས་ཁོངས་གོང་འཕེལ་དང་ས་ཁོངས་སྲིད་ཇུས་ཐད་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-11 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་༡༠ཉིན་ས་ཁོངས་གོང་འཕེལ་དང་ས་ཁོངས་སྲིད་ཇུས་ཐད་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་འཚོགས་པ་རེད།

རྒྱལ་ཁབ་གོང་འཕེལ་གྱི་དྲུང་ཆེ་གཞོན་པ་ཧྥན་ཧེང་ཧྲན་གྱིས་དང་ཐོག་མིག་སྔའི་ས་ཁོངས་དཔལ་འབྱོར་གོང་འཕེལ་སྲིད་ཇུས་ཀྱི་ཁྱད་ཆོས་གསར་པ་ཁག་ཅིག་ངོ་སྤྲོད་གནང་ཡོད། དཔེར་ན་ས་ཁོངས་གོང་འཕེལ་མུ་མཐུད་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་ལས་འགན་གསར་པ་དང་བླང་བྱ་གསར་པ་བཏོན་ཡོད་པ་དང་དེའི་ནང་དབུས་རྒྱུད་དང་ཤར་རྒྱུད། ནུབ་རྒྱུད་བཅས་ཀྱི་མཚོ་འགྲམ་དང་ནང་ཁུལ་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་དོ་སྣང་བྱེད་པ་དང་ས་ཁོངས་ཆུང་བའི་ཧེ་བག་ཆུང་དུ་གཏོང་རྒྱུ་མགྱོགས་སུ་གཏོང་བ། ས་ཁོངས་ལས་བརྒལ་བའི་འཁོར་རྒྱུག་ཆེན་པོ་དང་འགྲིམ་འགྲུལ་ཆེན་པོའི་ས་ཁོངས་བར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ཐོན་ལས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད། གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དེའི་ཐོག་འགག་རྩའི་མིང་ཚིག་གཉིས་ཐོན་ཡོད་ཅིང་གཅིག་ནི་ལམ་གཅིག་དང་ས་ཁུལ་གཅིག་ཅེས་པ་དེ་ཡིན་པ་དང་དེ་ནི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་མཚོ་ཐོག་དར་གོས་ལམ་བུར་གོ་དགོས་ཀྱི་ཡོད་པ་རེད། ཧྥན་ཧེང་ཧྲན་གྱིས། མིག་སྔར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ཕྱི་འབྲེལ་པུའུ། ཚོང་དོན་པུའུ་བཅས་ཀྱིས་འབྲེལ་ཡོད་ས་གནས་ཀྱི་སྡེ་ཁག་དང་ས་གནས་དང་མཉམ་དུ་དུས་ཚོད་དམ་འཛིན་གྱིས་ཁུལ་དང་ལམ་བུ་གཅིག་གི་སྤྱི་ཡོངས་འཆར་འགོད་བཟོ་བཞིན་ཡོད་པ་མ་ཟད་གྲུབ་འབྲས་ངེས་གཏན་ཐོབ་ཡོད་པས་དུས་ཚོད་འཚམ་མཐུན་སྐབས་སུ་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱེད་རྒྱུ་རེད་ཅེས་གསུངས་འདུག

འགག་རྩའི་མིང་ཚིག་གཉིས་པ་དེ་ནི་རང་མོས་ཉོ་ཚོང་ཁུལ་ཞེས་པ་དེ་ཡིན་ཞིང་གསར་འགོད་པ་ཞིག་གིས་ཀོང་ཏུང་དང་ཤང་ཀང་། ཨའོ་མན་བཅས་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་ཚུལ་སྐོར་བཀའ་འདྲི་ཞུ་སྐབས་ཧྥན་ཧེང་ཧྲན་གྱིས། ཧྲང་ཧེའི་རང་མོས་ཉོ་ཚོང་ཁུལ་བཙུགས་པའི་སྒྱུར་བཅོས་བྱེད་ཚུལ་རེར་ཕྱོགས་ཁག་ནས་མཐོང་ཆེན་བྱས་ཡོད་པ་དང་ས་ཁུལ་མང་པོ་ཞིག་གིས་ཀྱང་རང་མོས་ཉོ་ཚོང་ཁུལ་དེའི་ཚོད་ལྟའི་ནང་ཞུགས་རྒྱུའི་རྣམ་པ་བསྟན་ཡོད། ཡིན་ནའང་རང་མོས་ཉོ་ཚོང་ཁུལ་ནི་ཚོད་ལྟ་ཡིན་པས་ཚོད་ལྟའི་གྲུབ་འབྲས་ལ་བལྟ་དགོས་པ་དང་ཚོད་ལྟའི་ལམ་བུ་ཁོང་དུ་ཆུད་པ་བྱེད་དགོས་ཞིང་མུ་མཐུད་ཁྱབ་གདལ་གཏོང་བར་གནས་ཚུལ་ལ་བལྟས་ནས་གཏན་ལ་ཕབ་དགོས་པ་མ་ཟད་དོན་དངོས་ལ་གཞིགས་པ་དང་རྩ་དོན་ངེས་གཏན་ལ་གཞིགས་ནས་ཁོང་དུ་ཆུད་པ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག