མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དངུལ་ཁང་གིས་ཁ་ཕྱོགས་གཏན་འཁེལ་གྱིས་གྲབས་དངུལ་བསྡུར་ཚད་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་ལྔ་དམའ་རུ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-11 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས9ཉིན། ཀྲུང་དབྱང་དངུལ་ཁང་གིས་གཟབ་ནན་གྱིས་ལས་གཉེར་བྱེད་པའི་བླང་བྱ་དང་འཚམས་པ་མ་ཟད་ཞིང་གསུམ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་བུན་གཡར་བའི་བསྡུར་ཚད་ངེས་གཏན་ལོན་པའི་ཚོང་ལས་དངུལ་ཁང་གི་མི་དམངས་ཤོག་སྒོར་བཅོལ་དངུལ་གྱི་གྲབས་དངུལ་བསྡུར་ཚད་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་ལྔ་དམའ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་ནི་ཀྲུང་དབྱང་དངུལ་ཁང་གིས་ད་ལོའི་ཟླ་བ4པའི་ཚེས25འི་རྗེས་ཁ་ཕྱོགས་གཏན་འཁེལ་གྱིས་གྲབས་དངུལ་བསྡུར་གྲངས་དམའ་རུ་གཏོང་ཐེངས་གཉིས་པ་དེ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག