མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་པེ་ཅིན་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-10 11:14

ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚེས་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚེས་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས་རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ནི་གསར་སྐྲུན་དང་གསར་སྐྲུན། ཡང་བསྐྱར་གསར་སྐྲུན་བྱེད་རྒྱུ་དེ་ཡིན། གསར་སྐྲུན་ལག་བསྟར་གྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ཆེས་གཞི་རྩ་ནི་རང་བདག་གསར་སྐྲུན་གྱི་ནུས་པ་ཇེ་ཆེར་གཏོང་བ་དང་ཆེས་དགོས་གལ་ཆེ་བ་ནི་སྒྲིག་སྲོལ་ནང་རྐྱེན་གྱི་གེགས་དང་བར་ཆད་སེལ་རྒྱུ་དེ་ཡིན་ལ། ཚད་ཆེན་པོའི་སྒོ་ནས་ཚན་རྩལ་དེ་ཐོན་སྐྱེད་ནུས་ཤུགས་དང་པོ་ཡིན་པའི་སྦས་ཤུགས་ཆེན་པོ་སྔོག་འདོན་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བདག་གསར་སྐྲུན་གྱི་བགྲོད་ལམ་དུ་སྐྱོད་པ་དང་། རང་བདག་གསར་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མ་འོངས་པར་སྣེ་ཁྲིད་བྱེད་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་གོམས་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།

ཞི་ཅིན་ཕེན་གྱིས་གསུངས་བཤད་གནང་སྐབས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་ཤིང་། གླིང་གཉིས་ཀྱི་ཡོན་ཧྲི་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་བརྩེ་བའི་འཚམས་འདྲི་མཛད་པར་མ་ཟད། ཚོགས་ཆེན་ལ་ཞུགས་པར་ཡོང་བའི་རྒྱལ་ཁུངས་གཞན་པའི་ཡོན་ཧྲི་དང་རྒྱལ་སྤྱིའི་ཚན་རིག་ལས་རིགས་ཀྱི་གྲོགས་པོ་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ནི་རང་རྒྱལ་གྱི་ཚན་རིག་ལག་རྩལ་ལས་རིགས་དང་བཟོ་སྐྲུན་ལག་རྩལ་ལས་རིགས་ཀྱི་ཕུལ་བྱུང་འཐུས་མི་ཡིན་ལ། རྒྱལ་ཁབ་ཀྱི་གཅེས་ནོར་དང་མི་དམངས་ཀྱི་ལ་རྒྱ། མི་རིགས་ཀྱི་གཟི་བརྗིད་བཅས་ཡིན། དུས་ཡུན་རིང་བོར་རྒྱ་ཆེའི་ཡོན་ཧྲི་རྣམས་ཀྱིས་མེས་རྒྱལ་ལ་དྲན་ལེན་འཇལ་བའི་ཕུགས་འདུན་དང་རེ་སྙེག་བཅངས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་སྐོང་བར་བྱེད་པ་དང་ཚན་རིག་ལག་རྩལ་གྱི་ཡང་རྩེར་སྙེག་པར་མ་ཟད། ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་གསར་སྐྲུན་བྱས་ནས། རང་རྒྱལ་གྱི་ཚན་རྩལ་ཡར་ཐོན་དང་དཔལ་འབྱོར་འཕེལ་རྒྱས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། རྒྱལ་སྲུང་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་ཐབས་ཇུས་ལེགས་སྒྱུར་བྱེད་པ་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གསར་སྐྲུན་གྱི་ལས་དོན་གྱིས་གསར་སྐྲུན་གྱི་ཤེས་ལྡན་མི་སྣར་རེ་འབོད་བྱེད་བཞིན་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན་ཤེས་ལྡན་མི་སྣ་ཅི་ལྟར་མང་ན་དེ་ལྟར་བཟང་ལ་ནུས་པ་ཅི་ལྟར་ཆེ་ན་དེ་ལྟར་བཟང་། ཤེས་བྱ་ནི་སྟོབས་ཤུགས་ཡིན་པ་དང་ཤེས་ལྡན་མི་སྣ་ནི་མ་འོངས་པ་ཡིན། རང་རྒྱལ་ནི་ཚན་རྩལ་གསར་སྐྲུན་ཕྱོགས་ནས་འཛམ་གླིང་གི་མདུན་གྲས་སུ་བསྐྱོད་དགོས་ན། གསར་སྐྲུན་ལག་ལེན་ཁྲོད་དུ་ཅིས་ཀྱང་ཤེས་ལྡན་མི་སྣ་བཙལ་དགོས་པ་དང་གསར་སྐྲུན་བྱ་འགུལ་ཁྲོད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་ལ། གསར་སྐྲུན་ལས་དོན་ཁྲོད་དུ་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་དགོས་པར་མ་ཟད། ཤུགས་ཆེན་པོས་གཞི་ཁྱོན་ཆེ་ཞིང་གྲུབ་ཚུལ་ལུགས་མཐུན་ཡིན་པ་དང་། བྱང་ཚད་མཐོ་བ་བཅས་ཀྱི་གསར་སྐྲུན་རང་བཞིན་གྱི་ཚན་རིག་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས། ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་བྱེད་རྒྱུ་དེ་ཚན་རིག་གསར་སྐྲུན་གྱི་གོ་གནས་གལ་ཆེན་དུ་བཞག་སྟེ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན། བཀོལ་སྤྱོད་སོགས་ཀྱི་ནང་རྐྱེན་ལ་བཅོས་སྒྱུར་བྱེད་དགོས་པ་དང་། ཧུར་ཐག་སྒོས་འཛམ་གླིང་གི་ཆུ་ཚད་ལ་སླེབ་པའི་ཚན་རིག་པ་དང་ཚན་རྩལ་ཕུལ་བྱུང་ཤེས་ལྡན་མི་སྣ། བཟོ་སྐྲུན་པ། ཆུ་ཚད་མཐོ་བའི་གསར་སྐྲུན་དཔུང་སྡེ་སྐོར་ཞིག་གསར་སྐྲུན་བྱེད་དགོས་པར་མ་ཟད་འཐབ་ཕྱོགས་དང་པོའི་གསར་སྐྲུན་ཤེས་ལྡན་མི་སྣ་དང་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་ནི་རང་རྒྱལ་གྱི་ཚན་རིག་ལག་རྩལ་ལས་རིགས་དང་བཟོ་སྐྲུན་ལག་རྩལ་ལས་རིགས་ཀྱི་རིག་གཞུང་ཆེས་མཐོ་བའི་ལས་ཁུངས་ཤིག་ཡིན་པ་དང་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བསམ་བློའི་བང་མཛོད་ཡིན། གླིང་གཉིས་ཀྱིས་རྒྱ་ཆེའི་ཡོན་ཧྲི་རྩ་འཛུགས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས། དེ་མིན་ཚན་རྩལ་འཕེལ་རྒྱས་བཅས་ལ་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་གྱི་གནད་དོན་ལ་དམིགས་ནས། འཐབ་ཇུས་ཐད་ནས་བློ་འདྲི་དང་ཞིབ་འཇུག་བྱེད་པ་དང་། ཚན་རིག་བློ་འདྲི་ལ་བརྟེན་ནས་ཚན་རིག་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་ཚན་རིག་འཐབ་ཇུས་ཀྱིས་ཚན་རིག་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་གསུངས།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག