མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་བྷང་ག་ལའི་ཙུང་ལི་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-10 11:14

ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལའི་ཙུང་ལི་ཧ་ཞི་ན་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་མཛད་སྒོ་བསྡུས་ཏེ་ཧ་ཞི་ནར་དགའ་བསུ་ཞུ་བཞིན་པའི་ཚུལ་རེད།
ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལའི་ཙུང་ལི་ཧ་ཞི་ན་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་མཛད་སྒོ་བསྡུས་ཏེ་བྷང་ག་ལའི་ཙུང་ལི་ཞེ་ཧི་ཧ་ཞི་ན་རང་རྒྱལ་དུ་དངོས་གཞིའི་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་རྫོགས་རྗེས། ལིས་ཁི་ཆང་དང་ཧ་ཞི་ན་གཉིས་ཀྱིས་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་བྷང་ག་ལ་གཉིས་ནི་སྲོལ་རྒྱུན་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་བར་བརྩི་འཇོག་དང་རྒྱུས་ལོན། རྒྱབ་སྐྱོར་བཅས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཨེ་ཤ་ཡའི་ལྷོ་ཕྱོགས་ས་ཁུལ་དང་ཧིན་རྡུ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ཡོད་པའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། སང་ལོ་རྒྱལ་ཁབ་གཉིས་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གོ་སྐབས་དང་བསྟུན་ཏེ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཁྱབ་ཁོངས་སོ་སོའི་བརྗེ་རེས་ཇེ་དམ་དུ་བཏང་སྟེ། ཀྲུང་གོ་དང་བྷང་ག་ལ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོིའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། ནུས་ཁངས། འཕྲིན་གཏོང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་ཐད་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ། དངོས་ཤུགས་ཡོད་པའི་ཀྲུང་གོའི་ཁེ་ལས་བྷང་ག་ལར་མངགས་ཏེ་མ་དངུལ་གཏོང་བར་སྐུལ་མ་གཏོང་རྒྱུ་ཡིན་ལ། བྷང་ག་ལ་ཕྱོགས་ཀྱིས་དེའི་ཐད་ལ་སྟབས་བདེ་བསྐྲུན་པ་དང་རྒྱབ་སྐྱོར་བྱེད་པའི་རེ་བ་བཏོན།

ཧ་ཞི་ན་ཡིས་བཤད་རྒྱུར། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འཚམས་འདྲིར་ཤུགས་བསྣན་ཏེ། མཉམ་དུ་སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་རྒྱུ་ཡིན་ལ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ལག་གདང་སྦྲེལ་ནས་བྷང་ག་ལ་དང་ཀྲུང་གོ རྒྱ་གར། འབར་མ་བཅས་བར་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱེད་འདོད་ཡོད། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་བྷང་ག་ལར་ཡོང་སྟེ་དངུལ་གཏོང་ལས་བསྐྲུན་བྱེད་པ་དང་། བྷང་ག་ལའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། བྷང་ག་ལ་ཕྱོགས་ཀྱིས་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་སྐུལ་འདེད་ཀྱི་ནུས་པ་བཟང་བོ་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ལག་རྩལ། ནུས་ཁུངས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག