མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2014ལོའི་ཤིན་ཅང་མཐོ་རྒྱུགས་ཀྱི་སློབ་བསྡུའི་སྲིད་ཇུས་ལ་འགྱུར་བ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-10 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། གསར་འགོད་པར་ཤིན་ཅང་ཁྲང་ཅི་ཁུལ་སློབ་གསོ་ཡིག་རྒྱུགས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་ཤིན་ཅང་གི་སྤྱིར་བཏང་མཐོ་རྒྱུགས་ཀྱི་སློབ་བསྡུའི་སྲིད་ཇུས་ལ་འགྱུར་བ་བྱུང་ཡོད་པ་རེད།

ཁྲང་ཅི་ཁུལ་སློབ་གསོ་ཡིག་རྒྱུགས་ལྟེ་གནས་ཀྱི་ཀྲུའུ་རེན་མ་ཙུང་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཤིན་ཅང་གི་སྤྱིར་བཏང་མཐོ་རྒྱུགས་སྲིད་ཇུས་ལ་འགྱུར་བ་བྱུང་ཡོད་པ་དང་། སློབ་བསྡུའི་གོ་རིམ་དེ་དེ་སྔའི་རིམ་པ་བདུན་ནས་དགུ་བར་མང་དུ་བཏང་ཡོད་པ་སྟེ། དེ་ཡང་ཁག་སོ་སོར་དངོས་གཞིའི་ཚན་ཁག་གི་ཁག་དང་པོ་དང་གཉིས་པའི་སྔ་སྣུར་དུ་བསྡུ་བའི་རིམ་པ་དང་། དབུལ་ཕོངས་ས་ཁུལ་གྱི་ཆེད་དོན་འཆར་འགོད་དང་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་འཆར་འགོད་ཀྱི་དངོས་གཞིའི་ཚན་ཁག་གི་རིམ་པ། དངོས་གཞིའི་ཚན་ཁག་གི་སློབ་བསྡུ་ཁག་དང་པོ། དངོས་གཞིའི་ཚན་ཁག་གི་སློབ་བསྡུ་ཁག་གཉིས་པ། དངོས་གཞིའི་ཚན་ཁག་གི་སློབ་བསྡུ་ཁག་གསུམ་པའི་སྔ་སྣུར་དུ་བསྡུ་རྒྱུའི་རིམ་པ། དངོས་གཞིའི་ཚན་ཁག་གི་སློབ་བསྡུ་ཁག་གསུམ་པ། མཐོ་རིམ་ལས་རིགས་སློབ་གྲྭའི་སྔ་སྣུར་དུ་བསྡུ་བའི་རིམ་པ། མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུ་ཁག་དང་པོ། མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུ་ཁག་གཉིས་པ་བཅས་ཡིན་པ་རེད།

གཞན་ཡང་དམིགས་བསལ་དོ་ཁུར་བྱེད་དགོས་པ་ཞིག་ནི། 2014ལོའི་ཤིན་ཅང་གི་སྤྱིར་བཏང་མཐོ་རྒྱུགས་ནང་ཞུགས་མཁན་གྱི་སློབ་མའི་སློབ་བསྡུའི་གོ་རིམ་མི་གཅིག་པའི་སློབ་ཆེན་ཁག་གི་སློབ་ཞུགས་རེ་འདུན་ཞུ་ཡིག་བཀོད་པའི་དུས་ཚོད་དེ་གཅིག་གྱུར་ཐོག་སྤྱི་ཟླ6པའི་ཚེས10ཉིན་གྱི་ཆུ་ཚོད8ནས་ཚེས19ཉིན་གྱི་ཆུ་ཚོད20ཡི་བར་བཀོད་སྒྲིག་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག