མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཅིང་ཅུས་ཟློས་གར་ཚོགས་པས་ཐེངས་དང་པོར་ཚོགས་པ་ཡོངས་ཀྱི་སྣེ་ཁྲིད་དེ་ཤིན་ཅང་དུ་འཁྲབ་སྟོན་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-10 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས8ཉིན་གྱི་དགོང་མོ། ཅིང་ཅུས་ཟློས་གར་གྱི་འཁྲབ་སྟོན་པ་གྲགས་ཅན་ལིའུ་ཁྲང་ཡུལ་དང་། ལིའུ་ཀུད་ཤིན་སོགས་ཤིན་ཅང་མི་དམངས་ཚོགས་ཁང་ཆེན་མོར་ཕེབས་ཏེ་འཁྲབ་སྟོན་གནང་བས། ཤིན་ཅང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ཅིང་ཅུས་ཟློས་གར་གྱི་ངོ་མཚར་ཉམས་སུ་མྱོང་རྒྱུ་བྱུང་ཡོད།

སྤྱི་ཚེས7ཉིན་ནས་འགོ་ཚུགས་ཏེ། རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་གི་མི་༨༠ལྷག་ཙམ་ལས་གྲུབ་པའི་འཁྲབ་སྟོན་ཚོགས་པས་ཤིན་ཅང་གི་ལས་བྱེད་མང་ཚོགས་ལ་གཞི་རིམ་དུ་འཁྲབ་སྟོན་བྱེད་པར་སྐྱོད་ཅེས་པ་དང་། སློབ་མ་རྣམས་ལ་ཁྱད་འཕགས་སྒྱུ་རྩལ་མྱོང་ལེན་བྱེད་དུ་བཅུག་ཅེས་པ་སོགས་ཀྱི་ངོ་མཚར་ཆེ་བའི་འཁྲབ་སྟོན་ཐེངས་བཅུ་ཙམ་བྱས་ཡོད་པ་དང་། ཐེངས་འདིའི་འཁྲབ་སྟོན་ཡང་རྒྱལ་ཁབ་ཅིང་ཅུས་ཟློས་གར་ཁང་གིས་ཚོགས་པ་ཡོངས་ཀྱི་སྣེ་ཁྲིད་ནས་ཤིན་ཅང་དུ་འཁྲབ་སྟོན་གནང་བར་ཕེབས་ཐེངས་དང་པོ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག