མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གསར་དུ་གོ་གནས་སྤར་བའི་འགོ་ཁྲིད་ལས་བྱེད་པའི་རྒྱུ་ནོར་ཐོ་འགོད་བྱ་རྒྱུའི་ཞིང་ཆེན་རིམ་པའི་ཚོད་ལྟ་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-10 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་གསར་དུ་གོ་གནས་སྤར་བའི་འགོ་ཁྲིད་ལས་བྱེད་པའི་འབྲེལ་ཡོད་བྱ་དོན་ཡོངས་བསྒྲགས་ལམ་ལུགས་ཀྱི་ཚོད་ལྟ་བྱ་རྒྱུ་དེ་ཞིང་ཆེན་རིམ་པ་དང་ས་གནས་བང་རིམ་ནང་འཕེལ་རིམ་ཐོན་ཡོད་པ་རེད། རང་རྒྱལ་གྱི་ནུབ་རྒྱུད་ཧྲའན་ཞི་ཞིང་ཆེན་ལ་ཉེ་ཆར་གཏན་འབེབས་གསར་པ་བཏོན་ཡོད་དེ། གསར་དུ་གོ་གནས་སྤར་བའི་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་བྱ་དོན་གལ་ཆེན་དང་ཁྱིམ་ཚང་གི་རྒྱུ་ནོར་ཐད་སྙན་གསེང་ཐོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡིག་ཆའི་དེའི་ནང་། ཐོ་འགོད་བྱེད་འདོད་མེད་པའམ་དུས་ཐོག་ཏུ་ཐོ་འགོད་མ་བྱས་ཚེ་གོ་གནས་སྤར་རྒྱུ་མིན་པའི་ནན་བཏོན་བྱས་ཡོད་པ་རེད།

སྐད་གྲགས་ཡོད་པའི་ལམ་ལུགས་ཐད་ནས་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་རིགས་གཅིག་མཁས་པ་ལི་ཡུང་ཀྲུང་གིས། དཔོན་རིགས་ཀྱི་རྒྱུ་ནོར་ཡོངས་བསྒྲགས་བྱ་རྒྱུ་དེ། དུས་ཚོད་ཐོག་ལམ་སེང་ལག་བསྟར་མི་ཐུབ་པ་དང་། ཁྱབ་ཁོངས་ཐད་ཆ་ཚང་པོ་ཡོང་མི་ཐུབ་པའི་གནས་ཚུལ་འོག ཧྲའན་ཞི་ཡིས་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་གོ་གནས་སྤར་བའི་ལས་བྱེད་པ་མི་སྒེར་གྱི་བྱ་དོན་ཐོ་འགོད་ཐད་ཚོད་ལྟ་བྱས་ཡོད་པ་དང་། དེར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་གསུངས་འདུག

ཁོང་གིས་ཡིག་ཆ་དེས་གོ་གནས་འཕར་བཟོ་ཡོད་པའི་དཔོན་རིགས་རྣམས་ལ་ཡར་རྒྱས་དགོས་ན་སྔོན་ན་ཐོ་འགོད་བྱེད་དགོས་པའི་བརྡ་འཕྲིན་བཏང་ཡོད་ཅེས་གསུངས་འདུག

ཧྲའན་ཞི་ཡིས་འགྲེམ་སྤེལ་བྱས་པའི་བསམ་འཆར་ཞེས་པས་ཀྱང་འཐེན་ཞིབ་ཞིབ་དཔྱད་ལམ་ལུགས་དམིགས་བསལ་ཞིག་གཏན་འབེབས་བྱས་ཡོད་པ་རེད། བསམ་འཆར་ཞེས་པའི་ནང་། ཐོ་འགོད་མ་བྱས་པའམ་རྫུན་མ་བཟོ་མཁན་ཡོད་ཚེ། ཞིབ་བཤེར་ཐུབ་ཚེ་ཚང་མ་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་ལས་འགལ་བར་བརྩིས་ནས་ཐག་གཅོད་ནན་པོ་བྱ་རྒྱུ་དང་། ཐོ་འགོད་སྙན་ཞུ་བྱས་པའི་གནས་ཚུལ་ལ་འགྱུར་ལྡོག་ཡོད་པའི་དོ་དམ་བྱས་ཏེ་འཐེན་ཞིབ་ཞིབ་དཔྱད་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག