མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ5པར་ཕྱི་ཕྱོགས་ཉོ་ཚོང་གི་འཕར་སྣོན་མྱུར་ཚད་ཆག་པ་ནས་འཕར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-10 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྤྱི་ཚེས་༨ཉིན་འདི་ལོའི་སྤྱི་ཟླ་དང་པོ་ནས་ལྔ་པའི་བར་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད་པ་རེད། འགག་སྒོའི་བསྡོམས་རྩིས་ལ་གཞིགས་ན། སྤྱི་ཟླ5པར། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྤྱི་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཉིས་ཁྲི་ཆིག་སྟོང་བརྒྱད་བརྒྱ་ཟིན་ཡོད་པ་དེ་དུས་མཚུངས་ལས་འཕར་སྣོན་འགྲོ་ཚད་ཟླ་བ་དང་པོ་ནས་བཞི་པའི་བར་བརྒྱ་ཆ་གསུམ་དང་གྲངས་ཆུང་གཅིག་ཆག་པ་ནས་བརྒྱ་ཆ་གཅིག་དང་གྲངས་ཆུང་ལྔ་འཕར་བར་འགྱུར་ཡོད་པ་རེད། དེའི་ནང་ནས། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཆིག་ཁྲི་ཉིས་སྟོང་ཟིན་པ་དེ་སྤྱི་ཟླ་དང་པོ་ནས་བཞི་པའི་བར་བརྒྱ་ཆ་བཞི་དང་གྲངས་ཆུང་བརྒྱད་ཆག་པ་ནས་བརྒྱ་ཆ་ལྔ་དང་གྲངས་ཆུང་བཞི་བར་འཕར་བར་འགྱུར་ཡོད་པ། ནང་འདྲེན་བྱེད་ཚད་སྒོར་བྱེ་བ་དགུ་དང་ས་ཡ་བརྒྱད་ཟིན་པ་དེ་ཆག་ཚད་བརྒྱ་ཆ་གཉིས་དང་གྲངས་ཆུང་དགུ་ཟིན་པ། གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར2204ཟིན་ནས་བརྒྱ་ཆ70དང་གྲངས་ཆུང3རྒྱ་ཆེ་རུ་ཕྱིན་ཡོད་པ་རེད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་བསྡོམས་རྩིས་སིའི་སྐོར་ཞིབ་པ་གཞོན་པ་ཧོང་གོ་ཧྭ་ཡིས། མིག་སྔར་འཕྲད་པའི་གོ་སྐབས་ནས་བལྟས་ཚེ། སྲིད་གཞུང་གིས་བཏོན་པའི་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་སྣོན་གཏོང་བའི་བྱེད་ཐབས་དང་། དཔལ་འབྱོར་མ་ལག་གཙོ་བོའི་བསྐྱར་འཕར་བརྟན་པོ་བྱུང་བ། མི་དམངས་ཤོག་སྒོར་གྱི་འཛའ་ཐང་དམའ་རུ་ཕྱིན་པ། དེ་བཞིན་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་པ་བཅས་མཐུན་རྐྱེན་ཆེན་པོ་བཞིར་གྱུར་ཡོད། འོན་ཀྱང་དེ་དང་ཆབས་ཅིག ཕྱིར་གཏོང་ཐད་མངག་ཉོ་བྱེད་མཁན་ཨེ་ཤ་ཡ་ཤར་ལྷོར་འགྱུར་བ་དང་། ཐོན་སྐྱེད་ཀྱི་མ་གནས་མཐོ་རུ་ཕྱིན་པ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་བཟོ་སྐྲུན་ལས་རིགས་ཁག་ཅིག་བསྐྱར་ལོག་བྱས་པ། དེ་བཞིན་ཕྱི་ཕྱོགས་མ་འཇོག་བྱེད་ཤུགས་ཆུང་དུ་ཕྱིན་པ་སོགས་ཀྱི་འགྲན་རྩོད་ཀྱང་འཕྲད་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག