མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནོར་ཁྲལ་བསྒྱུར་བཅོས་མྱུར་ཚད་མགྱོགས་སུ་འགྲོ་རྒྱུའི་རེ་བ་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-10 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་སྐོང་འཚོགས་བྱས་པའི་ཀྲུང་གུང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་ཇུས་གཞི་ཞེས་པར་གྲོས་ཞིབ་བྱས་ཡོད་པ་རེད། འདི་ནི་དེའི་གོང་གི་ཚོགས་འདུ་ཐེངས་གཉིས་ཐོག་ཀྲུང་དབྱང་གི་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་ཇུས་འགོད་བཏོན་རྗེས་ཞིབ་ཕྲའི་ཁྱབ་ཁོངས་དང་ཆེད་དོན་བརྗོད་གཞི་བཀོད་སྒྲིག་བྱེད་པའི་བསྒྱུར་བཅོས་བྱེད་ཐེངས་དང་པོ་ཡིན་པ་རེད། ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་ཇུས་གཞིར་སྔོན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད་པ་དང་། རིགས་གཅིག་མཁས་པས་འདི་ནི་ཀྲུང་དབྱང་གིས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུའི་བརྡ་འཕྲིན་ཡིན་པ་དང་། ནོར་ཁྲལ་བསྒྱུར་བཅོས་བྱ་རྒྱུའི་ལག་བསྟར་ཇུས་གཞི་འདི་ལོ་འདོན་ཐུབ་བཟོ་ཡོད་པའི་དབྱེ་ཞིབ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུ་ནི་སྐབས་ཤིག་གི་སྐྱོན་ཆ་གསབ་ཆེད་མིན་པར། འདི་ནི་ཕུགས་ཕན་སྒྲིག་གཞི་འཛུགས་རྒྱུར་དམིགས་པའི་ཆ་ཚང་བའི་བསྐྱར་སྒྲིག་ཅིག་ཡིན། དེའི་དམིགས་འབེན་གཙོ་བོ་ནི་དོན་དག་དང་དབང་ཆ་ཁ་གསལ་བཟོ་བ་དང་། ཁྲལ་བསྡུའི་ལམ་ལུགས་བསྒྱུར་བཅོས། ཁྲལ་གྱི་ཚད་གཞི་བརྟན་པོ། སྔོན་རྩིས་ཁ་གསལ། ལས་ཆོད་མཐོར་གཏོང་བཅས་ཡོང་བ་བྱས་ནས་དེང་རབས་ནོར་སྲིད་ལམ་ལུགས་གང་མགྱོགས་འཛུགས་རྒྱུ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ནོར་ཤུགས་དང་དབང་ཆ་བབ་མཚུངས་ཀྱི་ནོར་ཁྲལ་སྒྲིག་གཞི་ཆགས་པ་བྱས་ཏེ་དེ་བས་ཡག་པའི་ངང་ཀྲུང་དབྱང་དང་ས་གནས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱ་རྒྱུ་དེ་ཡིན་པ་རེད།

ནོར་སྲིད་པུའི་ནོར་སྲིད་ཚན་ཞིབ་ཁང་གི་འགོ་འཛིན་གཞོན་པ་ལིའུ་ཧྲང་ཞི་ཅེས། ད་ཐེངས་ནི་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་ཡིན་ཀྱང་། ཞིབ་ཕྲའི་ངང་ཆེད་དོན་བསྒྱུར་བཅོས་ཀྱི་གྲོས་རིམ་དང་འབྲེལ་བ་ཡོད་པའི་ཚོགས་འདུ་ཚོགས་ཐེངས་དང་པོ་ཡིན་པས། དེའི་ཐོག་ནས་ཀྲུང་དབྱང་གི་ཆོད་སེམས་མངོན་ཐུབ་ཅེས་གསུངས་པ་དང་། ཁོང་གིས་འདི་ལོ་ནི་བསྒྱུར་བཅོས་བྱེད་པའི་ལོ་ཞིག་ཡིན་པས། ངས་བལྟས་ན་སྤྱིའི་ཇུས་འགོད་འདི་ད་ལོ་འདོན་ཐུབ་བཟོ་ཡོད། འཆར་འགོད་ལ་གཞིགས་ན། སྤྱི་ལོ་༢༠༢༠ལོར་བསྒྱུར་བཅོས་ཀྱི་ལས་འགན་ལེགས་གྲུབ་བྱེད་དགོས་པ་དེ་ཡང་ཁང་པ་ཞིག་རྒྱག་པ་དང་འདྲ་བར་ཐོག་མར་ཇུས་འགོད་འཆར་གཞི་ཞིག་འདོན་དགོས་པས། དེར་བརྟེན་འདི་ལོ་ཉུང་མཐར་ཡང་འཆར་གཞི་དེ་འདོན་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག