མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་མཚོ་དམག་གིས་ཨ་རིའི་མཚོ་དམག་གིས་སྒྲིག་འཛུགས་བྱས་པའི་དམག་དོན་ནང་སྦྱོང་ནང་ཞུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-10 11:11

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲུང་པུའི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། མཚོ་དམག་གི་གསར་འགྱུར་མགྲིན་ཚབ་པ་ལེའང་ཡང་གིས་སྤྱི་ཟླ6པའི་ཚེས8ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད། མཚོ་དམག་གིས་དམག་གྲུ་བཏང་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་སྐོར་བའི་སྤྱི་ལོ2014ལོའི་དམག་དོན་ནང་སྦྱོང་ཞེས་པར་ཞུགས་རྒྱུ་ཡིན་པ་དང་། དེ་ནི་ཀྲུང་གོའི་མཚོ་དམག་གིས་ཨ་རིའི་མཚོ་དམག་གིས་སྒྲིག་འཛུགས་བྱས་པའི་ཞི་བདེ་རྒྱ་མཚོ་ཆེན་མོ་སྐོར་བའི་ཕྱོགས་མང་མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་ནང་ཞུགས་ཐེངས་དང་པོ་ཡིན་ཞེས་བསྟན་ཡོད་པ་རེད།

ལེའང་ཡང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ནང་སྦྱོང་གི་འཆར་འགོད་ལ་གཞིགས་ན། སྤྱི་ཟླ6པའི་ཟླ་དཀྱིལ་དུ། ཀྲུང་གོ་དང་། སིང་ག་ཕོར། པུ་རུ་ནེ་བཅས་རྒྱལ་ཁབ་གསུམ་གྱི་ནང་སྦྱོང་ནང་ཞུགས་མཁན་གྱི་དམག་མིས་ཀོན་ཏའོ་གླིང་ཚོམ་གྱི་ཉེ་འགྲམ་མཚོ་ཁོངས་སུ་ཨ་རིའི་མཚོ་དམག་ཆའོ་ཤིན་རྟགས་ཅན་གྱི་མཚོ་ཐོག་སྐོར་སྐྱོད་དམག་གྲུ་དང་མཉམ་འཛོམས་བྱས་རྗེས་མཉམ་འབྲེལ་རུ་ཁག་བཙུགས་ཏེ་ཧ་ཝེ་དབྱེའི་ཀྲེན་ཀྲུའུ་གྲུ་ཁར་སྐྱོད་རྒྱུ་ཡིན་པ་རེད། དེའི་རིང་དམག་གྲུ་རུ་ཁག་གི་རུ་སྒྲིག་ལ་འགྱུར་བ་བཏང་བ་དང་། འཕྲིན་གཏོང་སྦྱོང་བརྡར། དམག་གྲུ་ཆུང་བ་མཚོ་ངོས་སུ་གཏོང་རྒྱུ། འཐབ་ས་བཟུང་བ། མཚོ་ཐོག་མཁོ་སྤྲོད་དང་གསབ་རེས། བབ་བསྟུན་གནས་ཚུལ་ཐག་གཅོད། གོ་མཚོན་ཡང་གྲས་དང་མེ་སྒྱོགས་རྒྱ་མཚོར་དམིགས་ཏེ་རྒྱག་རྒྱུ་སོགས་ཀྱི་ནང་སྦྱོང་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག