མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་རིམ་པ་མང་བའི་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་འཆར་གཞི་ལག་བསྟར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-09 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་དབྱང་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་ཉེ་བའི་ལོ་ཤས་རིང་རིམ་པ་མང་བའི་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་འཆར་གཞི་ལག་བསྟར་བྱས་པ་དང་། ཕྱི་རྒྱལ་གྱི་མཐོ་རིམ་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་རྒྱལ་ནང་དུ་ཕྱིར་ལོག་བྱེད་པའམ་ཀྲུང་གོར་བྱ་གཞག་གསར་སྐྲུན་བྱེད་པར་ཡོང་རྒྱུར་བློ་ཡིད་བཀུག་ཡོད།

2008ལོའི་ཟླ་བ་བཅུ་གཉིས་པར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་ཀྲུང་དབྱང་ཤེས་ལྡན་མི་སྣའི་མཐུན་སྦྱོར་ཚོགས་ཆུང་གིས་ཕྱི་རྒྱལ་གྱི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་འཆར་གཞིའི་སྐོར་གྱི་བསམ་འཆར་བརྒྱུད་བསྒྲགས་བྱས་པ་དེའི་ཐོག་ནས་མི་སྟོང་གི་འཆར་གཞི་ཞེས་པའི་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་ལས་གཞི་ལག་བསྟར་བྱས་པ་མཚོན་གྱི་ཡོད་པ་དང་། དེ་ནི་རང་རྒྱལ་གྱི་མིག་སྔའི་རིམ་པ་མཐོ་ཤོས་ཡིན་པའི་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་འཆར་གཞིར་གྱུར་ཡོད་པ་རེད།

མིག་སྔའི་བར་སླེབས་དུས་མི་སྟོང་གི་འཆར་གཞི་ཞེས་པ་ཁག་བཅུ་ལ་དབྱེ་ནས་རིམ་པ་མཐོ་བའི་གསར་གཏོད་དང་བྱ་གཞག་གསར་སྐྲུན་གྱི་ཤེས་ལྡན་མི་སྣ་༤༡༨༠ནང་འདྲེན་བྱས་ཡོད། དེའི་ནང་ཚུད་མཁན་གཙོ་བོ་ནི་ཨ་རི་དང་། དབྱིན་ཇི། འཇར་མན། ལྗར་པན། ཁ་ན་ཏ་སོགས་ཚན་སློབ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་གྲགས་ཅན་མཐོ་རིམ་སློབ་གྲྭ་དང་། ཚན་ཞིབ་ལས་ཁུངས། རྒྱལ་ཁོངས་གྲོལ་བའི་ཁེ་ལས་བཅས་ནས་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག