མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར878དང་བྱེ་བ9དང་ས་ཡ7གཤམ་སྤྲོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-09 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་སྒྲིག་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཆེད། ཀྲུང་དབྱང་ནོར་སྲིད་ནས་ཉེ་ཆར་སྤྱི་ལོ2014ལོའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་སྒྲིག་གཞིའི་མ་དངུལ་སྒོར་དུང་ཕྱུར878དང་བྱེ་བ9དང་ས་ཡ7གཤམ་སྤྲོད་བྱས་ཡོད་པ་དང་། སློབ་མའི་མི་གྲངས་ཉུང་དུ་ཕྱིན་པའི་གནས་ཚུལ་འོག སྔར་བཞིན་སྤྱི་ལོ2013ལོ་ནས་ཧ་ལམ་སྒོར་དུང་ཕྱུར50དང་བྱེ་བ6ཙམ་འཕར་ཡོད་པ་དང་། འཕར་ཚད་བརྒྱ་ཆ6དང་གྲངས་ཆུང1ཟིན་གྱི་ཡོད་པ་རེད།

གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་སྒྲིག་གཞིའི་མ་དངུལ་གཙོ་བོ་གཤམ་གྱི་ཕྱོགས་ཁག་གི་ཐད་གཏོང་རྒྱུ་ཡིན་པ་སྟེ། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སྤྱི་པའི་འགྲོ་གྲོན་འགན་ལེན་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་སློབ་གྲྭའི་སྤྱི་པའི་འགྲོ་གྲོན་སྔར་བས་མཐོ་ཏུ་བཏང་ནས། ཞག་སྡོད་སློབ་གྲྭའི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་པ། མུ་མཐུད་ནས་རིན་པ་མི་དགོས་པ་གཉིས་དང་ཁ་གསབ་གཅིག་ཞེས་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉལ་ཁང་གི་བདེ་འཇགས་འགན་ལེན་བྱེད་པའི་ཕུགས་ཕན་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉལ་ཁང་ཉམས་གསོ་དང་སྒྱུར་བཅོས་བྱེད་པ་དང་སྲ་བརྟན་དུ་གཏོང་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ། དམིགས་གསལ་དཀའ་ངལ་ཡོད་པའི་ས་ཁུལ་ཁག་གཅིག་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། དེ་བཞིན་དམིགས་གསལ་ཆེ་བའི་རང་བྱུང་གནོད་འཚེའི་སློབ་གསོ་དང་གནོད་སེལ་སྟབས་བསྟུན་སོགས་ཡིན་པ་རེད།

སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྲོང་གསེབ་ཀྱི་སློབ་གྲྭ་དང་སློབ་ཁྲིད་བྱེད་སར་དགེ་རྒན་གནང་བར་འགྲོ་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ་དང་། འོས་འགན་སློབ་གསོའི་གྲོང་གསབ་ཀྱི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པར་ས་གནས་ནས་བྱ་དགའི་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག