མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དབྱར་ཁའི་གུང་གསེང་རིང་སློབ་མའི་པ་སེ་སྔོན་ལ་འཚོང་བའི་དུས་ཚོད་ཉིན་སུམ་ཅུ་ནར་འགྱངས་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-09 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་པེ་ཅིན་ལྕགས་ལམ་ཅུད་ནས་ཤེས་རྟོགས་བྱུང་བར། 2014ལོའི་དབྱར་ཁའི་གུང་གསེང་རིང་སློབ་མའི་མེ་འཁོར་པ་སེ་ད་ལྟ་ནས་འཚོང་འགོ་ཚུགས་ཡོད། སློབ་མས་པ་སེ་ཉོས་ནས་མེ་འཁོར་ནང་སྐྱོད་པའི་དུས་ཚོད་སྤྱི་ཟླ་དྲུག་པའི་ཚེས25ཉིན་ནས་སྤྱི་ཟླ་དགུ་པའི་ཚེས10ཉིན་བར་ཡིན་པ་དང་། པ་སེ་སྔོན་ནས་འཚོང་བའི་དུས་ཚོད་ཉིན་སུམ་ཅུ་རིང་དུ་བཏང་ཡོད། རྒྱ་ཆེའི་སློབ་མས་སློབ་མའི་ལག་ཁྱེར་དང་མེ་འཁོར་པ་སེའི་གཟིགས་སྐྱོང་ཁཱ་ཤོག་ལ་བརྟེན་ནས་དྲ་ཚིགས12306དང་། ཁ་པར་ཐོག་ནས་པ་སེ་ཉོ་ས། མེ་འཁོར་འབབ་ཚིགས་ཀྱི་སྒེའུ་ཁུང་། རང་འགུལ་པ་སེ་འཚོང་སའི་འཕྲུལ་ཆས། མེ་འཁོར་པ་སེ་ཚབ་འཚོང་བྱེད་ས་བཅས་ནས་དུས་གཅིག་ཏུ་དབྱར་ཁའི་གུང་གསེང་རིང་ཕར་འགྲོ་ཚུར་ལོག་གི་མེ་འཁོར་པ་སེ་ཉོ་ཆོག་གི་ཡོད་པ་རེད།

མཐོ་རིམ་དང་འབྲིང་རིམ་ཆེད་ལས་སློབ་མས་སློབ་གྲྭའི་ཐམ་ག་བརྒྱབ་པའི་རིན་གོང་གཅོག་པའི་གཟིགས་སྐྱོང་ལག་ཁྱེར་དང་། མེ་འཁོར་པ་སེའི་གློག་རྡུལ་གཟིགས་སྐྱོང་ཁཱ་ཤོག་དང་སློབ་གྲྭས་ཐོ་འགོད་བྱས་པའི་སློབ་མའི་ལག་ཁྱེར་བཅས་ཀྱིས་པ་སེ་ཉོ་ཆོག་པ་དང་། སློབ་མ་གསར་པས་སློབ་གྲྭའི་བརྡ་ཐོར་བརྟེན་པ། སློབ་ཐོན་སློབ་མས་སློབ་གྲྭའི་ཡིག་ཐོག་དཔང་ཡིག་ལ་བརྟེན་པ། སློབ་ཆུང་སློབ་མས་སློབ་གྲྭའི་ཡིག་ཐོག་དཔང་ཡིག་ལ་བརྟེན་ནས་སློབ་མའི་པ་སེའི་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག ལྕགས་ལམ་སྡེ་ཁག་གིས་སློབ་མའི་མེ་འཁོར་པ་སེའི་གཟིགས་སྐྱོང་ག་ཤོག་སྟེང་གི་ཉོ་ཆོག་པའི་མེ་འཁོར་པ་སེ་གཞིར་བཟུང་དགོས་པ་དང་། འགྲོ་སྐྱོད་བྱེད་ས་གཞིར་བཟུང་མི་ཉོས་པའི་སློབ་མའི་པ་སེ་ཚང་མ་ཤོག་བུའི་པ་སེར་བརྗེ་པོ་བརྒྱབ་མི་ཆོག་པའི་དྲན་སྐུལ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག