མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དྲག་ཆར་གྱིས་རྐྱེན་པས་ལྷོ་ནུབ་ས་ཁུལ་འགའ་རེའི་འགྲུལ་བཞུད་ཐད་ཤུགས་རྐྱེན་ཐེབས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-09 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་གྲེན་ཏུ་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན་གྱི་གཡས་གཡོན་དུ་གྲུང་ཆིང་གྲོང་ཁྱེར་དུ་རྒྱུན་མཐུད་ངང་དྲག་ཆར་བབ་པའི་རྐྱེན་གྱིས། སི་ཁྲོན་ནས་ཀུད་ཀྲའུ་བར་གྱི་ལྕགས་ལམ་གྱི་སན་ཅང་བབ་ཚུགས་ནས་ལེང་ཧོ་གའུ་བབ་ཚུགས་བར་གྱི་ལམ་ཐིག་འགའ་རེར་གནོད་སྐྱོན་ཕོག་ཡོད་པ་རེད། གྲེན་ཏུ་ལྕགས་ལམ་ཅུས་ཀྱིས་ཛ་དྲག་ངང་ལམ་ཐིག་དེ་བཀག་སྡོམ་བྱས་ནས་མྱུར་བཟོ་བྱས་ཡོད་པ་རེད། དེས་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་ལམ་དེ་བརྒྱུད་ནས་འགྲོ་མཁན་གྱི་འགྲུལ་སྐྱེལ་མེ་འཁོར་ཁག་བཞི་འགྲོ་མཚམས་འཇོག་དགོས་བྱུང་བ་དང་། དེ་མིན་འགྲུལ་སྐྱེལ་མེ་འཁོར་བཞིས་སྐྱེལ་འདྲེན་བྱེད་མཚམས་བཞག་ཡོད་པ་རེད།

མིག་སྔར་གོ་རིམ་ལྡན་པའི་ངང་མྱུར་བཟོ་བྱེད་བཞིན་ཡོད་པ་རེད། གྲུང་ཆིང་དང་ཀུད་ཡང་དེ་བཞིན་སི་ཁྲོན་ནས་ཀུད་ཀྲའུ་བར་གྱི་ལམ་ཐིག་གི་མེ་འཁོར་བབ་ཚུགས་ཁག་གིས་འགྲུལ་པས་པ་སེ་སློག་རྒྱུའམ་མེ་འཁོར་གཏོང་ཐེངས་གཞན་གྱི་པ་སེར་བསྒྱུར་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད་པ་རེད།

གཞན་ཡང་གནས་ཚུལ་སྤེལ་བར། སྤྱི་ཚེས་བཞི་ཉིན་ཀོང་ཤི་ཀུད་ལིན་དང་ཧོ་ཁྲེ་སོགས་གྲོང་ཁྱེར་དུ་དྲག་ཆར་བབས་པ་དང་ས་ཆ་ལ་ལར་དྲག་ཆར་ཧ་ཅང་ཆེན་པོ་བབས་ནས་ཆུ་ལོག་གི་གནོད་འཚེ་ཐོན་ཡོད་པ་རེད། སྤྱི་ཚེས་བཞི་ཉིན་གྱི་སྔ་དྲོ་ཀོང་ཤི་ཡི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་རིམ་པ་བཞི་པའི་འཕྲལ་སྒྲུབ་ལན་ཆ་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག